དབྱིན་ཇིའི་གྲྭ་པ་ཞིག་ནས་རང་སྲེག་བཏང་།

ཕྱི་ཟླ་༡༡པའི་ཚེས་༡༥ རེས་གཟའ་ཕུར་བུའི་ཉིན་ཕ་རན་སིའི་ནང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་དབྱིན་ཇིའི་མི་རིགས་ཀྱི་གྲྭ་པ་ཞིག་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་བཞག

2012.11.16

༄༅།    །དེ་རིང་ཕྱི་ཚེས་༡༦ཉིན་ཕེ་རན་སི་ཉེན་རྟོག་པས་གསུང་པར། དགུང་ལོ་༣༨ ལ་ཕེབས་པའི་དབྱིན་ཇི་བ་ནང་པའི་དགེ་འདུན་པ་ཞིག་གིས་རང་གི་ལུས་ཐོག་ལ་ས་སྣུམ་བཤོས་ནས་མེ་སྤར་ཏེ་རང་ལུས་མེ་བསྲེག་བཏང་བའི་རྗེས་འདས་གྲོངས་སུ་ཕྱིན་ཡོད་པའི་སྐོར་གསུང་ཡོད་པ་ལས་ཉེན་རྟོག་པས་ཁོང་གི་མཚན་གསུང་མེད་པ་རེད།
འོན་ཀྱང་རང་ལུས་མེར་སྲེག་གཏོང་མཁན་ནང་པའི་དགེ་འདུན་པ་དབྱིན་ཇི་བ་ཁོང་ནི་ France ལྷོ་ཕྱོགས་སུ་ཡོད་པའི་བོད་པའི་ནང་པའི་ཆོས་ཚོགས་ན་ལན་ཌའི་ནང་ནང་ཆོས་སློབ་གཉེར་གནང་སྟེ་ལོ་ལྔ་བཞུགས་མྱོང་མཁན་ཞིག་ཡིན་པ་དང༌། དགོན་པ་དེའི་དྲ་གནས་ཐོག་ལ་གནས་ཚུལ་སྤེལ་བའི་ནང༌། རེས་གཟའ་ཕུར་བུའི་ཉིན་ཁོང་གིས་ན་ལན་ཌའི་དགོན་པའི་ལྡུམ་རའི་ནང་རང་ལུས་མེར་བསྲེགས་བཏང་ཡོད་པ་དང༌། དགོན་པ་དེའི་ནང་ཁྱོན་དགེ་འདུན་པ་༢༥ དང་མི་སྐྱ་༢༠ གནས་སྡོད་བྱེད་ཀྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད།  France ཉེན་རྟོག་པས། དབྱིན་ཇི་བ་ཁོང་གིས་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་རྐྱེན་ནི། སེམས་ཁམས་མི་བདེ་ཡིན་ནམ་། ཡང་ན་བོད་ནང་གི་བོད་མིས་རྒྱ་ནག་གི་དྲག་གནོན་མི་བཟོད་པར་རང་ལུས་མེར་སྲེག་གཏོང་མཁན་ཚོར་གདུང་སེམས་ཉམས་བསྐྱེད་བྱས་པ་ཡིན་མིན་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། བོད་ནང་དུ་བོད་མི་ཚོ་ནི། རྒྱ་ནག་གཞུང་གི་དབང་བསྒྱུར་འོག་ཆོས་དད་རང་དབང་མེད་པ་དང༌། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་དམ་བསྒྲགས་བྱེད་པའི་རྐྱེན་གྱིས་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ།    རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང༌། ལྷག་དོན་བོད་ནང་དུ་རང་ལུས་མེར་སྲེག་གཏོང་བའི་གནས་སྟངས་འདས་པའི་ལོ་གཅིག་ནང་ཛ་དྲག་ཏུ་ཕྱིན་ཡོད་ཅིང༌། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ཆོས་དད་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང༌།  བོད་ནང་དཔལ་འབྱོར་ཡར་རྒྱས་ཆེན་པོ་བཏང་སྟེ་བོད་མི་ཚོའི་འཚོ་བའི་གནས་སྟངས་ཀྱང་ཡར་རྒྱས་ཡོད་ཚུལ་ཡང་ཡང་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་སྐོར་བཀོད་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎