ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ལ་འབོད་སྐུལ་ཞེས་བའི་དཔེ་དེབ།


2015.08.11
༧གོང་ས་མཆོག་དང་སྐུ་ཞབས་Franz Altརྣམ་གཉིས། ༧གོང་ས་མཆོག་དང་སྐུ་ཞབས་Franz Altརྣམ་གཉིས།
TE

ཡ་རབས་སྤྱོད་བཟང་ནི་ཆོས་ལུགས་ལས་ཀྱང་གལ་ཆེ་བ་ཡིན་ཞེས་པའི་དཔེ་དེབ་ཇར་མན་ནང་འགྲེམས་ཚོང་ཆེ་ཤོས་སུ་གྱུར་བ།
དེ་སྔོན་ཇར་མན་གྱི་བརྙན་འཕྲིན་གསར་འགོད་པ་ཡིན་པ་སྐུ་ཞབས་Franz Altགྱིས་ཕྱོགས་བསྒྲིགས་གནང་པའི། ༼ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ལ་འབོད་སྐུལ༽ཡ་རབས་སྤྱོད་བཟང་ནི་ཆོས་ལུགས་ལས་ཀྱང་གལ་ཆེ་བ་ཡིན་ཞེས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཀྱི་དྲ་ལས་བརྒལ་བའི་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་བའི་ཐོག་ནས་དུས་རབས་ཉེར་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་ཏུ་འགྱུར་ཐབས་ཀྱི་དགོངས་གཞི་དང་འབྲེལ་བའི་དེབ་ཆུང་དེ་བཞིན་ཇར་མན་གྱི་དུས་དེབ་སྐད་གྲགས་ཆེ་ཤོས་ Spiegelཟེར་བ་དེའི་ཐོག་མ་མཐར་གཟའ་འཁོར་བཞིའི་རིང་དེབ་འགྲེམས་ཚོང་ཆེ་ཤོས་ཀྱི་གྲས་སུ་གནས་འདུག
ཤོག་གྲངས་༥༦ལས་མེད་པའི་དེབ་ཆུང་འདི་དཔེ་དེབ་དཔར་བསྐྲུན་པའི་དྲ་ཚིག་ www.benentobook.comབརྒྱུད་རིན་མེད་ཀྱི་ཐོག་ནས་དཔར་བཤུས་ཀྱང་བྱེད་ཆོག་པ་ཡིན་འདུག
ཏཱ་ལའི་བླ་མཆོག་གིས་འཛམ་གླིང་ལ་འབོད་སྐུལ་ཞེས་པའི་དེབ་ཆུང་དེ་སྐད་ཡིག་མི་འདྲ་བ་བརྒྱད་ཀྱི་ནང་བསྒྱུར་འདུག་ཅིང་། ཕྱི་ཟླ་༧ཚེས་༦ སྟེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་ཉིན་དེབ་དེ་དངོས་སུ་ཞལ་ཕྱེ་དང་ཚོང་བསྒྱུར་འགོ་བཙུགས་གནང་འདུག
དཔེ་དེབ་འདི་ནི་སྐུ་ཞབས་Franz Altགྱིས་འདས་པའི་ལོ་སུམ་ཅུའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཙོ་བོ་༧གོང་ས་མཆོག་གི་ཡ་རབས་སྤྱོད་བཟང་དང་འབྲེལ་བའི་བླང་དོར་གྱི་ལམ་དང་། འགྲོ་བ་མིའི་རིན་ཐང་གི་ཐོག་ནས་འཇིག་རྟེན་ཀུན་ཕན་གྱི་བསམ་བློ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་དགོངས་གཞི་ཁག་གི་ཐོག་བཅར་འདྲི་ཞུས་པའི་ནང་དོན་ཕྱོགས་བསྒྲིགས་ཞུས་པ་ཞིག་ཡིན་འདུག་ཅིང་། དཔེར་ན་དེབ་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་གི་དུམ་བུ་ཞིག་བཀོད་འདུག་པ་དེའི་ནང་། ལོ་ངོ་སྟོང་ཕྲག་མང་པོའི་རིང་ཆོས་ལུགས་ཀྱི་མིང་ཐོག་ནས་འཚེ་བ་བྱས་པ་ནི་བདེན་པ་དག་སྐྱེལ་ཡིན་པར་ངོས་འཛིན་བྱས་ཡོད། ལན་མང་ཆོས་ལུགས་ཁག་གིས་བཟོད་སྲན་མེད་པ་བྱས་ཡོད་ལ། ད་དུང་ཡང་གནས་ཚུལ་དེ་རིགས་འབྱུང་བཞིན་ཡོད། དེར་བརྟེན་ངས་དུས་རབས་ཉེར་གཅིག་པ་འདིའི་ནང་ང་ཚོར་ཆོས་ལུགས་ཀྱི་དྲ་ལས་བརྒལ་བའི་བླང་དོར་གྱི་ཉམས་ལེན་ཞིག་དགོས་གལ་ཆེ་བའི་སྐོར་བརྗོད་བཞིན་ཡོད། རྒྱུ་མཚན་དེའི་ཐོག་ནས་ངས་ཆོས་ཁས་མི་ལེན་མཁན་མི་ཐེར་འབུམ་གཅིག་ལྷག་ཡོད་པ་དེ་དག་དང་ཆོས་ལུགས་ལ་མི་དགའ་བ་བྱེད་མཁན་ཚོར་དམིགས་བསལ་ཕན་ཐོགས་འབྱུང་ཆེད་ངས་ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་ཀྱི་བླང་དོར་ལམ་གྱི་སྐོར་གཏམ་བཤད་བྱེད་བཞིན་ཡོད། ངས་གཞི་རྩའི་འགྲོ་བ་མིའི་བཟང་པོའི་བསམ་པ་དེ་དག་ནི་ཆོས་ལུགས་ལས་གལ་འགངས་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཆོས་ལུགས་གང་ཞིག་གི་རྗེས་སུ་འཇུག་མིན་ལ་མ་ལྟོས་པར་བྱམས་པ་དང་། སྙིང་རྗེ། བརྩེ་སེམས་ལ་སོགས་པ་ནི་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པ་ཞིག་རེད་ཅེས་བཀའ་གནང་འདུག
དཔེ་དེབ་དེ་ཚོང་བསྒྱུར་གྱི་ཐོག་ནས་དཔལ་འབྱོར་གྱི་ཡོང་བབས་ཡོངས་རྫོགས་བོད་མིའི་ཤེས་ཡོན་དང་། འཕྲོད་བསྟེན། རིག་གཞུང་གཅེས་སྐྱོང་གི་ཐོག་རོགས་རམ་བྱེད་མཁན་ཇར་མན་རོགས་ཚོགས་ལ་གནང་རྒྱུ་ཡིན་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎