སི་ཁོཏ་ལེན་ཌིའི་གྲོས་ཚོགས་འཐུས་མིས་སྲིད་བློན་ལ་འབོད་སྐུལ།

སི་ཁོཏ་ལེན་ཌིའི་གྲོས་ཚོགས་ཀྱི་འཐུས་མིས་ཁོང་ཚོའི་སྲིད་བློན་གྱིས་༧གོང་ས་མཆོག་མཇལ་འཕྲད་ཞུ་དགོས་པའི་འབོད་སྐུལ་ཞུ་གི་ཡོད་པ་རེད།

2012.06.20

༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་དབྱིན་ཡུལ་དུ་ཆིབས་བསྒྱུར་བསྐྱང་བཞིན་པ་ལྟར་ཕྱི་ཟླ་དྲུག་པའི་ཚེས་༢༢ ཉིན་དབྱིན་ཇིའི་མངའ་འོག་ཏུ་ཡོད་པའི་སི་ཁོཏ་ལེན་ཌི་(Scotland)དུ་ཆིབས་བསྒྱུར་བསྐྱང་སྐབས། སི་ཁོཏ་ལེན་ཌིའི་གྲོས་ཚོགས་ཀྱི་འཐུས་མིས་ཁོང་ཚོའི་སྲིད་བློན་གྱིས་༧གོང་ས་མཆོག་མཇལ་འཕྲད་ཞུ་དགོས་པའི་འབོད་སྐུལ་ཞུ་གི་ཡོད་པ་རེད།

དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༢༢ ཉིན་སི་ཁོཏ་ལེན་ཌི་དུ་ཆིབས་བསྒྱུར་བསྐྱང་སྟེ། སི་ཁོཏ་ལེན་ཌི་ཨི་ཊན་སྦག་ལེག་ཅར་བཙུགས་ནས་ལོ་༢༠ འཁོར་བའི་དུས་དྲན་མཛད་སྒོའི་ཁོངས་སུ་ཆོས་ལུགས་དང་མ་འདྲེས་པའི་འཛམ་གླིང་ཀུན་ལ་ཕན་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུའི་མཛད་འཆར་ཡོད་ཅིང༌། འོན་ཀྱང་སྐབས་དེའི་ཆིབས་བསྒྱུར་རིང་ སི་ཁོཏ་ལེན་ཌིའི་སྲིད་བློན་གྱིས་མཇལ་འཕྲད་ཞུ་མིན་གྱི་གནས་ཚུལ་གསལ་པོ་མེད་པར་བརྟེན། ཡུལ་དེའི་ཆབ་སྲིད་ཚོགས་པ་དམངས་གཙོ་གུ་ཡངས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཁོང་ཚོའི་སྲིད་བློན་ནས་༧གོང་ས་མཆོག་ངེས་པར་དུ་མཇལ་འཕྲད་ཞུ་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། དམངས་གཙོ་གུ་ཡངས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཝི་ལེ་རན་མན་ཡིས་གསུང་དོན་ལ། བོད་ཀྱི་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་སྲིད་འཛིན་དང་སྲིད་བློན་ཚོས་མཇལ་འཕྲད་ཞུས་མྱོང་ཡོད་པའི་མཚན་སྙན་ཆེ་བའི་མི་སྣ་ཞིག་ཡིན་ཞིང༌། ང་ཚོའི་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་གིས་ཀྱང་༧གོང་ས་ཏྰ་ལའི་བླ་མ་མཆོག་ངེས་པར་དུ་མཇལ་འཕྲད་ཞུ་དགོས་པ་ཡིན། གལ་ཏེ་མཇལ་འཕྲད་མ་ཞུས་པ་ཡིན་ཚེ། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྣང་མེད་སྐྱུར་འཇོག་བྱས་ཏེ། རྒྱ་ནག་གཞུང་དང་ཚོང་འབྲེལ་གལ་ཆེར་བརྩིས་པར་ངོས་འཛིན་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎