དགའ་ལྡན་ཕོ་བྲང་གི་སློབ་ཡོན་གསལ་བསྒྲགས་གནང་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གིས་བཙན་བྱོལ་བོད་མི་སྐྱབས་བཅོལ་བར་ཕུལ་བཞིན་པའི་སློབ་ཡོན་གསལ་བསྒྲགས་གནང་འདུག
-
2015-04-03 -
-
-
དགའ་ལྡན་ཕོ་བྲང་ཡིག་ཚང་གིས་བཙན་བྱོལ་བོད་མི་སྐྱབས་བཅོལ་བར་ཕུལ་བཞིན་པའི་སློབ་ཡོན་གསལ་བསྒྲགས་གནང་འདུག
དེ་ཡང་ཕྱི་ལོ་༢༠༡༢ནས་བཟུང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སློབ་ཡོན་ས་མིག་གྲངས་ ༥༥ལ་སྤར་ཆ་བྱུང་བ་ལྟར་བཙན་བྱོལ་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གྲངས་༥༠ལ་ཉེ་བའི་གཙུག་ལག་རབ་འབྱམས་པ་དང༌། སློབ་ཕྲུག་གྲངས་༥ལ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཐོག་སློབ་ཡོན་གནང་རྒྱུ་ཞལ་བཞེས་བྱུང་བ་ལྟར། སྙན་ཞུ་འབུལ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་༢༠༡༥ཟླ་༥ཚེས་༣༡འགྱངས་མེད་དགོས་ངེས་ཡིག་ཆ་ཁག་དང་མཉམ་དུ་སྙན་ཞུ་འགེངས་ཤོག་བཅས་པ་ངེས་འབུལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལྟར་སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་ནང་། རྒྱུན་གཏན་སློབ་སྦྱོང་ལེགས་པོ་ཡོད་ལ་ཐོན་རྒྱུགས་སྐབས་བརྒྱ་ཆ་མཐོ་པོ་བླངས་ཐུབ་པ། སྤྱི་དོན་སེམས་ཁུར་དང༌། ལྷག་བསམ། དྲང་བདེན། ཡ་རབས་སྤྱོད་བཟང་བཅས་ལྡན་པ། དྭ་ཕྲུག་དང༌། ཕྱེད་དྭ་ཕྲུག དབུལ་ཕོངས་ཉམས་ཐག་ཅན་གྱི་ཁྱིམ་ཚང་གི་ཕྲུ་གུ་བཅས། སློབ་ཡོན་འདིའི་ཁོངས་སློབ་ཕྲུག་གྲངས་༥༠ ལ་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་དུས་ཆ་ཚང་རིང་Bachelor Degreeསློབ་ཡོན་གནང་རྒྱུ་ཡིན་པ་གསལ་འདུག
དེ་བཞིན་གོང་གསལ་སློབ་ཡོན་ཁོངས་ནས་ཐོན་མཁན་སློབ་ཕྲུག་གྲངས་༥ལ་གཙུག་ལག་རབ་འབྱམས་པའི་Master Degreeསློབ་ཡོན་གནང་རྒྱུ་དང་། ཡིག་རྒྱུགས་ཨང་ཤོག་དང༌། རྒྱུགས་འཕྲོད་ལག་འཁྱེར་བཅས་དགོས་མཁོའི་ཡིག་ཆ་ཁག་གསལ་བསྒྲགས་ནང་གསལ་ལྟར་ཕྱི་ལོ་༢༠༡༥ ཟླ་༥ཚེས་༣༡འགྱངས་མེད་ཤེས་རིག་ལས་ཁུངས་སུ་འབྱོར་བ་འབུལ་དགོས་པ་འཁོད་འདུག་ལ་དེར་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་ཞེས་ཀྱང་འབོད་བཞིན་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།