བོད་མདོ་སྨད་གཙོད་གྲོང་ཁྱེར་དུ་རང་ལུས་མེ་སྲེག

བོད་མདོ་སྨད་གཙོད་གྲོང་ཁྱེར་ནང་བོད་མི་སངས་རྒྱས་རྒྱ་མཚོ་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེ་སྲེག་བཏང་ཡོད་པ།

2012.10.06

༄༅༎བོད་མདོ་སྨད་གཙོད་གྲོང་ཁྱེར་ནང་བོད་མི་སངས་རྒྱས་རྒྱ་མཚོ་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེ་སྲེག་བཏང་འདུག
ས་གནས་དེ་གའི་མིས་ངོ་སྤྲོད་གནང་བ་ལྟར་ན། སྤྱི་ཟླ་༡༠་ཚེས་༦་གི་སྔ་དྲོའི་བོད་ནང་གི་ཆུ་ཚོད་༡༢ ཙམ་ལ་བོད་མདོ་སྨད་གཙོད་གྲོང་ཁྱེར་གྱི་རྡོ་དཀར་དགོན་པའི་མཆོད་རྟེན་གྱི་ཉེ་འགྲམ་དུ། རྫེ་རོ་སྡེ་བའི་སྐྱེས་པ་རང་ལོ་༢༧ ཡིན་པའི་སངས་རྒྱས་རྒྱ་མཚོ་ཞུ་བ་ཞིག་གིས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་རང་དབང་ཡིན་པ་སོགས་ཀྱི་སྐད་འབོད་རྒྱག་བཞིན་རྒྱ་ནག་ལ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང༌། དེ་མ་ཐག་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྐུ་ཕུང་དགོན་པར་ཁུར་ནས་གྲྭ་མང་འདུ་འཛོམས་ཀྱིས་སྨོན་ལམ་གསུང་བཞིན་ཡོད་འདུག
སངས་རྒྱས་རྒྱ་མཚོ་ལགས་ནི་ཕ་མགོན་པོ་དོན་གྲུབ་དང་། མ་མགོན་པོ་མཚོ་གཉིས་ཀྱི་བུ་ཡིན་པ་དང༌། ཁོང་དང་ཁོང་གི་བཟའ་ཟླ་རྡོ་རྗེ་སྐྱིད་གཉིས་ལ་བུ་རྡོ་རྗེ་དོན་གྲུབ་ལོ་༧ དང་། བུ་མོ་ཏིང་འཛིན་མཚོ་ལོ་༦་བྱས་པ་བཅས་གཉིས་ཡོད་འདུག །ཁོང་ནི་བོད་ནང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་སྲེག་གཏོང་མཁན་༥༤་པ་དེ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎