ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་དབར་མཛའ་འབྲེལ་གོང་འཕེལ་གཏང་རྒྱུ།

བལ་ཡུལ་གྱི་སྲིད་བློན་ནས་ལྷོ་ཨེ་ཤེ་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་བཅུ་བདུན་པ་ཚགས་ཚུད་བྱུང་ཡོད་ལུགས་གསུངས་འདུག

2011.11.13

༄༅༎བལ་ཡུལ་གྱི་སྲིད་བློན་སྦ་སྦུ་རམ་བྭ་ཏ་རའེ་མཆོག་གིས་ལྷོ་ཨེ་ཤེ་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་བཅུ་བདུན་པ་ཚགས་ཚུད་བྱུང་ཡོད་ལུགས་གསུངས་གནང་འདུག
སྲིད་བློན་མཆོག་རེས་གཟའ་ཉི་མའི་ཕྱི་དྲོ་མལ་རྡིལྦསི་ནང་ལྷོ་ཨེ་ཤེ་ཡའི་ཚོགས་ཆེན་ཐེངས་བཅུ་བདུན་པ་གྲུབ་རྗེས་ཕྱིར་ལོག་སྐབས་གནམ་ཐང་དུ་གསར་འགོད་པ་ཚོར་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམ་པ་ཚོས་གནས་ཚུལ་མང་པོའི་ཐོག་ཕན་ཚུན་དགོངས་ཚུལ་གོ་ནོར་ཐེབས་པ་རྣམས་སེལ་ཐབས་གནང་རྒྱུ་དང་ཚོགས་ཞུགས་རྒྱལ་ཁབ་དབར་མཛའ་འབྲེལ་གོང་མཐོར་སྤེལ་རྒྱུར་གྲོས་མཐུན་བྱུང་ཡོད་སྐོར་གསུངས་གནང་འདུག  སླད་ཕྱིན་ཆད་ནས་ཚོགས་ཞུགས་རྒྱལ་ཁབ་དབར་ཚོང་འབྲེལ་གྱི་འབྲེལ་ལམ་རྒྱ་བསྐྱེད་ཆེད་རིང་མིང་ས་མཚོ་གནམ་གསུམ་གྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་ཐག་གཅོད་གནང་གནང་ཡོད་འདུག ལྷག་དོན་དུ་ཚོགས་ཞུགས་རྒྱལ་ཁབ་བརྒྱད་དབར་འཛུགས་བསྐྲུན་རྒྱ་བསྐྱེད་གཏོང་ཕྱོགས་ཐད་ཕྱོགས་ཚང་མས་སྣར་ལྷག་འཕྱར་གྲུ་མཉེམ་འདེགས་དགོས་གལ་གཟིགས་ཡོད་འདུག ཚོགས་ཆེན་གྱིས་ལྷོ་ཨེ་ཤེ་ཡའི་མཉམ་འབྲེལ་མཐུན་ཚོགས་ནང་ཁུལ་རང་དབང་ཅན་གྱི་ཚོང་འབྲེལ་ལག་ལེན་མིང་དོན་མཚུངས་པ་ཡོང་བའི་ཆེད་དུ་མཐུན་ཚོགས་ཀྱི་བློན་ཆེན་ལྷན་ཚོགས་ཚོར་ལམ་སྟོན་གནང་ཡོད་འདུག རང་དབང་ཅན་གྱི་ཚོང་འབྲེལ་དེ་རིགས་ནི་དཔལ་འབྱོར་གྱི་གནས་ཚད་སྐྱོབ་དང་རྒྱལ་ཁབ་ཆུང་བ་བལ་ཡུལ་ལྟ་བུར་ཁེ་ཕན་ཆེན་པོ་ཡོང་གི་རེད་སྲིད་བློན་སྦ་སྦུ་རམ་བྭ་ཏ་རའེ་མཆོག་གིས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎