རྒྱ་ནག་གི་སོ་ཉུལ་ཞིག་ར་ཤི་ཡར་བཀག་ཉར།

ར་ཤི་ཡའི་མེ་ཤུཌ་འཕུར་མདེལ་བཟོ་རྩལ་རིག་གནས་ཞིབ་ཕྲ་ཐོབ་ཐབས་བྱེད་མཁན་རྒྱ་མིའི་སོ་མྱུལ་ཞིག་བཀག་ཉར་བྱས་སྐོར་བརྗོད་འདུག

2011.10.05

༄༅༎ལྐོག་རྔན་སྤྲད་པ་བརྒྱུད་ནས་ར་ཤི་ཡའི་མེ་ཤུཌ་འཕུར་མདེལ་བཟོ་རྩལ་རིག་གནས་ཞིབ་ཕྲ་ཐོབ་ཐབས་བྱེད་མཁན་རྒྱ་མིའི་སོ་མྱུལ་ཞིག་ར་ཤི་ཡའི་བདེ་སྲུང་མི་སྣས་དེ་རིང་བཀག་ཉར་བྱས་སྐོར་བརྗོད་འདུག་ རྒྱ་ནག་གི་མི་སེར་ཡིན་པ་ཏུན་ཧྲེ་ནི་ཡན་ཡིས་ར་ཤི་ཡའི་ནང་གཞུང་འབྲེལ་སྐུ་ཚབ་འཐུས་མིའི་སྐད་བསྒྱུར་ཀྱི་ལས་ཀ་བྱེད་ཁུལ་ལ་རྫུས་ནས་མཁའ་དམག་གནམ་གྲུ་གཏོར་རྒོལ་གཏོང་མཁན་མེ་ཤུཌ་འཕུར་མདེལ་ར་ཤི་ཡའི་ཚོར་རྣོར་ཆེ་བའི་གོ་མཚོན་སྐོར་ཀྱི་གནས་ཚུལ་ཞིབ་ཕྲ་ལྐོག་རྔན་སྤྲད་ནས་ཉོ་ཐབས་བྱེད་ཀྱི་ཡོད་སྐོར་ཁ་ས་ར་ཤི་ཡའི་གཞུང་འབྲེལ་RIA ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག་ རྒྱ་མི་ཏུན་ཧྲེ་ནི་ཡན་ཟེར་བ་དེ་སྔ་ལོའི་ཕྱི་ཟླ་༡༠་ཚེས་༢༨་ཉིན་ར་ཤི་ཡའི་རྒྱལ་ས་མོས་ཀོའི་ནང་ནས་འཛིན་བཟུང་བྱས་ཀྱང་ ད་བར་གསར་འགྱུར་བརྒྱུད་ལམ་ཁག་ནས་དེའི་སྐོར་གསང་བ་བྱས་ནས་བཞག་ཡོད་འདུག་  གོང་ཞུས་རྒྱ་མི་དེས་གཙོ་བོ་དེ་སྔོན་ཨུ་རུ་སུའི་སྐབས་ཀྱི་ས་ནས་གནམ་ཐོག་ལ་འཕེན་རྒྱུའི་མེ་ཤུཌ་འཕུར་མདེལ་རྟགས་ཅན་༣༠༠་ཞེས་པ་དེའི་བཟོ་རྩལ་རིག་གནས་དང་དེ་བཟོ་བཅོས་རྒྱབ་སྟངས་ཁག་ཤེས་ཐབས་བྱས་པའི་ནག་ཉེས་བཙུཌ་འདུག་ལ་ ཡང་ར་ཤི་ཡའི་དབུས་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གི་སྲུང་སྐྱོབ་ལས་ཁང་གི་བཀོད་བྱུས་འོག་རྒྱ་མི་ཏུན་ཧྲེ་ནི་ཡན་ཡི་གོང་ཞུས་ལས་དོན་སྤེལ་བ་ཡིན་ལུཌ་ཀྱང་བརྗོད་འདུག རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རྒྱ་མིའི་སོ་མྱུལ་དེ་འཛིན་བཟུང་བཀག་ཉར་བྱས་པ་དེའི་སྐོར་འཕྲལ་དུ་ཡ་ལན་གང་ཡང་སློག་མིན་འདུག ར་ཤི་ཡའི་མེ་ཤུཌ་འཕུར་མདེལ་རྟགས་ཅན་༣༠༠ཞེས་པ་དེ་རྒྱ་ནག་ལ་མཁོ་སྤྲོད་བྱེད་བཞིན་པ་མ་ཟད་ འཕུར་མདེལ་དེ་རིགས་རྒྱ་ནག་ནང་བཟོ་ཆོག་པའི་ལག་ཁྱེར་ཡང་ཡོད་པ་རེད་ ར་ཤི་ཡ་རང་ཉིད་ཀྱིས་མེ་ཤུཌ་འཕུར་མདེལ་གསར་པ་རྟགས་ཅན་༤༠༠་ཞེས་བཟོ་བསྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎