འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་སེམས་འཚབ།

རྒྱ་ནག་གཞུང་གིས་ཡུ་གུར་མི་ཆིག་སྟོང་བཞི་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ་དེ་དག་གི་གནས་བབས་ཐད་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ།

2009.07.07

༄༅༎རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པ་ཤར་ཏུར་ཀི་སི་ཐན་གྱི་ནང་ངོ་རྒོལ་དུས་ཟིང་ཤུགས་ཆེ་ཞིག་བྱུང་སྟེ་རྒྱ་ནག་གཞུང་གིས་མི་ཆིག་སྟོང་བཞི་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་ལུགས་གསལ་བསྒྲགས་བྱས་ཡོད་པ་དེ་དག་གི་གནས་བབས་ཐད་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཟེར་བ་དེས་རྒྱ་ནག་གི་འབྲེལ་ཡོད་འགོ་འཁྲིད་ཚོར་དམིགས་སྟེ་སྤྱིར་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་འཛིན་བཟུང་བཀག་ཉར་བྱས་པའི་མི་དེ་དག་གི་ཐོག་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་དང་ཉེས་ཆད་གཏོང་སྲིད་པར་སེམས་འཚབ་ཡོད་པ་དང་གཞུང་ཕྱོགས་ནས་ཆབ་འབངས་མི་སེར་ཡོངས་ལ་དྲང་བདེན་ཁྲིམས་བཤེར་དགོས་པའི་ཁྲིམས་ལུགས་སྲུང་བརྩི་དགོས་རྒྱུ་མ་ཟད་ཞིབ་དཔྱོད་བྱ་རྒྱུ་དང་ཉེས་ཆད་འགེལ་བའི་ལས་དོན་ཡོངས་རྫོགས་ཁྲིམས་ལུགས་དང་མི་འགལ་བའི་ཐོག་ནས་བྱེད་དགོས་སྐོར་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་འདུག

གཟའ་མིག་དམར་ཉིན་ཡང་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་ནང་མི་ཁྱོན་ཆེ་ཞིག་ཁྲོམ་གཞུང་ཐོག་འདོན་སྟེ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་མི་ཚོ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

ཡང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པའི་ཞིབ་འཇུག་པ་ཕེ་ལིམ་ཀཡིན་གྱིས་ང་ཚོས་བལྟས་ན་མི་ཆིག་སྟོང་བཞི་བརྒྱ་སུམ་ཅུ་སོ་བཞི་འཛིན་བཟུང་བྱེད་པའི་གྲངས་ཚད་དེ་ག་རང་སེམས་འཚབ་དགོས་པའི་རང་བཞིན་ཞིག་རེད་ཅེས་དང་འདི་ནི་སྔ་ལོ་ཉིས་སྟོང་བརྒྱད་ལོར་ལྷ་སར་ངོ་རྒོལ་གྱི་གནས་ཚུལ་བྱུང་རྗེས་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་སྟེ་ཁྲིམས་བཤེར་སོགས་གང་ཡང་མེད་པར་བཙོན་ཁང་འདྲ་མིན་གྱི་ནང་ཡལ་ཕྱིན་པའི་གནས་ཚུལ་དེ་བསྐྱར་བཟློས་བྱུང་བཞིན་པ་ལྟ་བུ་མཐོང་གི་འདུག་ཅེས་གསུངས་འདུག

རྒྱ་ནག་གཞུང་གིས་སྔ་ལོ་བོད་ཀྱི་རྒྱལ་ས་ལྷ་སའི་ངོ་རྒོལ་ལས་འགུལ་གྱི་ནང་ཐེ་བྱུས་ཡོད་པའི་མི་གཉིས་ལ་སྲོག་ཐོག་གི་ཉེས་ཆད་བཏང་ཟིན་ལུགས་གསལ་བསྒྲགས་ཀྱང་བྱས་ཡོད་པ་རེད།

ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པའི་ཞིབ་འཇུག་པ་ཀཡིན་གྱིས་རྒྱ་ནག་གཞུང་གིས་དོགས་གཞི་ཅན་གྱི་མི་དེ་དག་འཛིན་བཟུང་དང་དོ་དམ་བཙོན་བཅུག་བྱེད་སྐབས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་ལྡན་པའི་ཐོག་ནས་ཁུངས་སྐྱེལ་དཔང་རྟགས་ཀྱི་ཐོག་ནས་ཁྲིམས་བཅད་བྱ་རྒྱུ་ཕར་བཞག་རྒྱ་ནག་རང་ཉིད་ཀྱི་ཁྲིམས་ལུགས་ལ་ཡང་བརྩི་སྲུང་བྱེད་ཀྱི་མེད་པ་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎