སྲིད་འཛིན་ཨོ་བྷ་མ་དང་མང་གཙོ་ཚོཊ་པར་ཕམ་ཉེས་བྱུང་འདུག


2014.11.05
ཨ་མི་རི་ཀའི་གྲོས་ཚོཊ་ཁང་ཆེན། ༢༠༡༣ ཨ་མི་རི་ཀའི་གྲོས་ཚོཊ་ཁང་ཆེན། ༢༠༡༣
ཀླུ་འབུམ

ཨ་མི་རི་ཀའི་གྲོས་ཚོཊ་གོང་འོག་གཉིས་ཀའི་ནང་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་པ་དང་སྲིད་འཛིན་ཨོ་བྷ་མ་དང་མང་གཙོ་ཚོཊ་པར་ཕམ་ཉེས་བྱུང་འདུག
དེ་ཡང་ཁ་སང་ཨ་རི་རྒྱལ་ཡོངས་ནང་བར་བརྒལ་འོས་བསྡུ་བྱས་པར་ཨ་རིའི་གྲོས་ཚོགས་གོང་མ་Senateནང་འཐུས་མི་༡༠༠་ཡོད་པའི་ནང་ནས་སྤྱི་མཐུན་ཚོགས་པར་ས་མིག་༤༥་ཡོད་པའི་ཁ་སྣོན་དུ་ས་མིག་བདུན་མང་བ་ཐོབ་སྟེ་འཐུས་མི་༥༢་ཡོད་པས་ན་ད་ཆ་སྤྱི་མཐུན་ཚོགས་པར་གྲངས་མང་རྒྱལ་ཁ་ཐོབ་མ་ཟད། ཕྱི་ལོ་༢༠༡༠་ལོ་ནས་བཟུང་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡོད་པ་ཁག་ཀྱང་ཉར་ཚགས་ཐུབ་སྟབས་གྲོས་ཚོགས་གོང་འོག་གཉིས་ཀའི་ཐོག་སྤྱི་མཐུན་ཚོགས་པས་བཏང་འཛིན་ཐུབ་པའི་རྒྱལ་ཁ་ཆེན་པོ་ཐོབ་སྟབས། སྤྱི་མཐུན་ཚོགས་པས་བཏོན་པའི་གྲོས་གཞི་ཁག་གཏན་འབེབས་ཐུབ་རྒྱུ་ཡིན་པས་ཚོགས་པ་དེས་གཙོ་བོ་དཔལ་འབྱོར་ཐོག་གལ་འགངས་ཆེ་བ་རྩིས་རྒྱུ་ཡིན་པ་དང་། ཚོགས་པ་དེས་རྒྱབ་སྐྱོར་བྱས་པ་ཁེ་ན་གྲ་ནས་Gulf of Mexicoབར་རྡོ་སྣུམ་འོར་འདྲེན་བྱ་རྒྱུའི་ལྕགས་དོང་Keystone XL Pipelineའཛུགས་རྒྱུར་ཆོག་མཆན་སྤྲད་ནས་རང་བྱུང་སོལ་རླངས་ཀྱི་ཐོན་སྐྱེད་མང་དུ་གཏོང་རྒྱུ་དང་ཚོང་ལས་ཆུང་ཙག་བྱེད་མི་ཚོར་རོགས་ཕན་བྱ་རྒྱུ། དེ་བཞིན་གཞུང་གིས་ཚོང་ལས་སོགས་ཀྱི་ཐོག་སྒྲིག་ཁྲིམས་ཁག་ཉུང་དུ་གཏོང་འཆར་ཡོད་པ་རེད།
ད་རེས་ཀྱི་རྒྱལ་ཡོངས་འོས་བསྡུའི་ནང་ཨ་རིའི་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་དོན་གཙོ་བོ་ནི་ད་ལྟའི་ལས་ཐོག་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཡི་མ་རང་པ་དང་། སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྲིད་ཇུས་ཁག་ལ་མི་མང་རྣམས་འདོད་བློ་མི་ཁེངས་པའི་རྐྱེན་གྱིས་ཡིན་འདུག་པ་ཚོད་དཔག་བྱེད་བཞིན་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎