༧གོང་ས་མཆོག་གི་ཐུཊ་བསྐྱེད་དམ་བཅའ་གསུམ་གྱི་ཐོག་གསུང་བཤད།


2016.11.03
རུ་སོག་སྐུ་ཚབ་དོན་གཅོད་མཆོག་གིས་ཡུཀ་རེན་ནང་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་གསུང་བཤད་གནང་སྐབས། ༢༠༡༦།༡༡།༢ རུ་སོག་སྐུ་ཚབ་དོན་གཅོད་མཆོག་གིས་ཡུཀ་རེན་ནང་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་གསུང་བཤད་གནང་སྐབས། ༢༠༡༦།༡༡།༢
tibet.net

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རུ་སོག་སྐུ་ཚབ་དོན་གཅོད་ཡུཀ་རེན་ནང་ཕེབས་ནས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་གསུང་བཤད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༢་རེས་གཟའ་ལྷག་པའི་ཉིན་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ཡུཀ་རེན་Ukraine་ཡུལ་དུ་ཐེངས་དང་པོ་ཕེབས་ནས། རྒྱལ་ས་Kiev་ནང་དུ་མང་ཚོགས་ ༢༠༠་བརྒལ་བར། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དེང་དུས་འཛམ་གླིང་ལ་ཕན་པའི་ནང་པའི་ལྟ་གྲུབ་ཀྱི་བསླབ་བྱ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
སྤྱིར་གསུང་བཤད་གོ་སྒྲིག་གནང་མཁན་The Dalai Lama – As Long As Space Remains་ཞེས་༧གོང་ས་མཆོག་གི་སྐུ་ཚེའི་མཛད་རྣམ་དང་འབྲེལ་བའི་སྐོར་བསྐྱོད་པར་རིས་འགྲེམས་སྟོན་གནང་མཁན་གྱི་ཚོགས་པ་དང་། ཡུཀ་རེན་ནང་པའི་མཐུན་ཚོགས་གཉིས་རེད་འདུག
ཏེ་ལོ་རིན་པོ་ཆེ་མཆོག་གིས་རུ་སོག་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་བཟོད་བསྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་དེ་དག་གཞི་རྩར་བཟུང་བའི་ཐུགས་བསྐྱེད་དམ་བཅའ་གསུམ་དང་འབྲེལ་བའི་རླབས་ཆེན་གྱི་མཛད་འཕྲིན་རྣམས་མང་ཚོགས་ཁྲོད་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐབས་གནང་གནང་བཞིན་ཡོད་པའི་སྐོར་གསུངས་སྟེ། ༧གོང་ས་མཆོག་གིས་གཞི་རྩའི་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ་དང། རང་གཞན་ཕྱོགས་གཉིས་ལ་སྨན་པའི་གྲོས་མོལ་གྱི་ཐབས་ལམ་ལག་བསྟར་བྱས་པ་བརྒྱུད་མི་མཐུན་པའི་གནས་ཚུལ་རྣམས་སེལ་དགོས་པའི་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གསལ་བཤད་གནང་འདུག
གོང་ཞུས་སྐུ་པར་འགྲེམས་སྟོན་འདི་ཡུཀ་རེན་རྒྱལ་ས་ཀིབ་ནང་དུ་ཕྱི་ཚེས་༥་བར་གནང་གི་འདུག་ལ། དེ་རྗེས་ཡུཀ་རེན་གྱི་མི་འབོར་མང་ཤོས་ཨང་གསུམ་པ་ཡིན་པའི་གྲོང་ཁྱེར་ཨོ་ཌེ་སའི་Odessa་ནང་སྐོར་བསྐྱོད་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ་དང་གུ་རུ་ཆོས་སྐྱིད། རྡོ་རྗེ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎