རྒྱལ་ཁོངས་མེད་པའི་གསར་འགོད་པའི་ཚོགས་པས་འབོད་སྐུལ་ཞུས་པ།

རྒྱལ་ཁོངས་མེད་པའི་གསར་འགོད་པའི་ཚོགས་པས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལ་པེ་ཅིང་ཨོ་ལིམ་པིག་གི་མཛད་སྒོར་བཞུགས་རྒྱུ་མེད་པའི་འབོད་སྐུལ་བྱས་འདུག

2008.06.21

༄༅༎རྒྱལ་ཁོངས་མེད་པའི་གསར་འགོད་པའི་ཚོགས་པས་ཕཱ་རན་སི་གཞུང་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཐོག་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཡུལ་གྲུ་ཁག་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་བཞུགས་རྒྱུ་མིན་པའི་ཆོད་སེམས་བཏོན་རྒྱུའི་སྐུལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

གཟའ་སྤེན་པའི་ཉིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་གསར་པ་འགོ་བཙུགས་གནང་གི་ཡོད་པ་དང་། དེའི་ཉིན་རྒྱལ་ཁོངས་མེད་པའི་གསར་འགོད་པའི་ཚོགས་པས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་མདུན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་བཞུགས་ཡུལ་གྲུ་ཚོས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་ནང་མི་བཞུགས་རྒྱུའི་འབོད་སྐུལ་གྱི་འཕྲེད་དར་སོགས་ཕྱར་ནས་བསྡུ་འཛོམས་བྱས་ཡོད་ཅིང་། རྒྱལ་ཁོངས་མེད་པའི་གསར་འགོད་པའི་སྒྲིག་འཛུགས་ཀྱིས་གསུངས་ན། ད་ཆ་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་གསར་འགོད་དང་སྨྲ་བརྗོད་རང་དབང་ཐོབ་ཐང་བཟང་དུ་གཏང་རྒྱུར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དཔོན་རིགས་ཚོས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་མི་བཞུགས་རྒྱུའི་ཐབས་ལམ་དེ་བརྒྱུད་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་དེས་འགྲུབ་འབྲས་ཐོན་རྒྱུའི་རེ་བ་ཆེ་ཤོས་ཡོད་པ་ཞིག་ཡིན་པ་དང་། ཕཱ་རན་སིའི་སྲིད་འཛིན་མཆོག་ནས་རྒྱ་ནག་གཞུང་གིས་རྒྱ་བོད་དབར་གྱི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་འབྲས་བུ་ཐོན་པའི་གྲོས་མོལ་མ་བྱུང་ཚེ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་བཞུགས་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་བཞིན་ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཡུལ་གྲུ་གཞན་ཁག་ཅིག་གིས་ཀྱང་དེ་ལྟར་གནང་རྒྱུ་ཕྱིར་བསྒྲགས་གནང་ཡོད་ན་ཡང༌། ད་དུང་རྒྱལ་ཁབ་མང་པོ་ཞིག་གིས་ཐག་གཅོད་ཁ་གསལ་གནང་མེད་པར་བརྟེན་ ཚང་མས་ཕཱ་རན་སི་གཞུང་གི་བཞེངས་ཕྱོགས་དང་འདྲ་བའི་ཐག་གཅོད་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎