རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་སྐོར་གྱི་ཕྱག་དེབ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྙན་ཐོ་ཕྱོགས་བསྒྲིགས་གནང་བའི་ཕྱག་དེབ་དབུ་འབྱེད་གནང་འདུག
-
2011-08-01 -
-
-
༄༅༎སྔ་ལོ་༢༠༡༠ཟླ་བ་༡༡པའི་ཚེས་༥ནས་༧བར་རྒྱ་གར་གྱི་མངའ་སྡེ་ཧར་ཡ་ནའི་གྲོང་སྡེ་སུ་རཇ་ཀནརྡ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་སྐོང་ཚོགས་གནང་བའི་སྐོར་གྱི་གསར་འགོད་གསལ་བསྒྲགས་དང༌། སྙན་ཐོ་ཕྱོགས་བསྒྲིགས་གནང་བའི་དུས་དེབ་ཅིག་ དེ་རིང་བཞུགས་སྒར་རྡ་རམ་ས་ལར་དབུ་འབྱེད་གནང་བཞག སྔ་དྲོ་ཕྱག་ཚོད་༡༠པའི་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དབུ་ཞུགས་ཐོག་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་དང་སྦྲགས་ཕྱི་དྲིལ་བཀའ་བློན་མཆོག་གིས་ དབྱིན་སྐད་ཐོག་ཕྱི་ནང་གསར་འགོད་པ་༣༠བརྒལ་བར་གསར་འགོད་གསལ་བསྒྲགས་སྒྲོག་སྦྱང་གནང་འདུག། དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྙན་ཐོ་ཕྱོགས་བསྒྲིགས་གནང་བའི་ཕྱག་དེབ་ཅིག་དབུ་འབྱེད་གནང་འདུག།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་སྦྱོར་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་སྔ་ལོ་༢༠༡༠ཟླ་བ་༡༡པའི་ཚེས་༥ནས་༧བར་རྒྱ་གར་གྱི་མངའ་སྡེ་ཧར་ཡ་ནའི་སུ་རཇ་ཀནརྡ་གྲོང་སྡེར་ཚོགས་ཡོད་ཅིང༌། ཚོགས་ཆེན་ཐེངས་དང་པོ་དེ་༡༩༩༠ལོར་རྡ་སར་ཚོགས་གནང་ཡོད་པ་རེད།