རྒྱ་ནག་གཞུང་གི་འཆར་གཞིར་དོ་ཕོག་ཐེབས་པའི་དཔྱད་ཞིབ།

༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྗོགས་འདོར་གནང་བ་དེས་རྒྱ་ནག་གཞུང་གི་འཆར་གཞིར་དོ་ཕོག་ཐེབས་ཡོད་པའི་དཔྱད་ཞིབ།

༄༅༎༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྗོགས་འདོར་གནང་བ་དེས་རྒྱ་ནག་གཞུང་གི་འཆར་གཞིར་དོ་ཕོག་ཐེབས་ཡོད་པའི་དཔྱད་ཞིབ་གནང་འདུག

ཁ་ས་ཚེས་བཅུ་གསུམ་ཉིན་ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་བོད་མི་ཚོར་ག་རེ་མཚོན་གྱི་ཡོད་དམ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིགས་ཞུས་པའི་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་འབྲེལ་མཐུད་སྐུ་ཚབ་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས། ཨ་རྒྱ་རིན་པོ་ཆེ་སོགས་འབྲེལ་ཡོད་མི་སྣ་ཁག་ཅིག་ནས་མཉམ་ཞུགས་གནང་ཡོད་པའི་སྐབས། བུ་ཆུང་ཚེ་རིང་ལགས་ནས། ཉེ་ཆར་༧གོང་ས་མཆོག་གི་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་མང་ནས་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པར་གནང་རྒྱུའི་ཐག་ཆོད་གནང་བ་དེ་ནི་དེ་སྔ་ལོ་མང་པོའི་རིང་ནས་དགོངས་གཞི་ཡོད་པ་ཞིག་ཡིན་པ་དང་། ༧གོང་ས་མཆོག་གི་ཆོས་དང་སྲིད་གཉིས་ཐ་དད་དགོས་ངེས་ཤིག་གཟིགས་ཀྱི་ཡོད་པ་སོགས་གསུངས་འདུག ཡང་༧གོང་ས་མཆོག་གི་སྐུ་དབང་ཆ་ཚང་བཞེས་རྒྱུ་མཚམས་འཇོག་གནང་བ་དེས་རང་བཞིན་གྱི་རྒྱ་ནག་གཞུང་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་དབུས་གཞུང་གི་ཆོག་ཆན་ཞུ་དགོས་པའི་ཁྲིམས་གཞི་གསར་གཏོད་བྱས་པ་སོགས་ཀྱི་སྲིད་བྱུས་གཏིང་ནས་མུ་མཐུད་ནས་བོད་མི་ཚོའི་ཐོག་སྟངས་འཛིན་བྱེད་རྒྱུའི་ཆོད་སེམས་ལ་དོ་ཕོག་ཐེབས་ཡོད་རེད་ཅེས་འགྲེལ་བརྗོད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org