དབྱིན་ཡུལ་དུ་རྒྱ་ནག་གི་སྲིད་འཛིན་གྱི་གཟིགས་སྐོར་སྐབས་ངོ་རྒོལ།


2015.10.20
དབྱིན་ཡུལ་དུ་རྒྱ་ནག་གི་སྲིད་འཛིན་གྱི་གཟིགས་སྐོར་སྐབས་བོད་མི་དང་རྒྱ་ནག་གི་མང་གཙོ་དོན་གཉེར་བས་ངོ་རྒོལ་གནང་བཞིན་པ། ༢༠༡༥།༡༠། དབྱིན་ཡུལ་དུ་རྒྱ་ནག་གི་སྲིད་འཛིན་གྱི་གཟིགས་སྐོར་སྐབས་བོད་མི་དང་རྒྱ་ནག་གི་མང་གཙོ་དོན་གཉེར་བས་ངོ་རྒོལ་གནང་བཞིན་པ། ༢༠༡༥།༡༠།
Photo: RFA

དབྱིན་ཡུལ་ནང་རྒྱ་ནག་གི་སྲིད་འཛིན་གཟིགས་སྐོར་བྱེད་ཡུལ་གཞུང་ལམ་ཁག་ཏུ་ངོ་རྒོལ་བྱེད་མཁན་མང་པོ་མཐོང་རྒྱུ་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་དབྱིན་ཡུལ་དུ་ཉིན་གྲངས་བཞིའི་རིང་འཚམས་གཟིགས་སུ་འབྱོར་ཟིན་པ་དང་། དབྱིན་ཇིའི་གཞུང་དང་དབྱིན་ཇིའི་རྒྱལ་མོའི་ཕོ་བྲང་གཉིས་ཀའི་ཐོག་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཅིང་། ཕྱོགས་མཚུངས་རྒྱ་ནག་གི་སྲིད་འཛིན་འགྲུལ་བཞུད་བྱ་ཡུལ་འགྲོ་ལམ་ཁག་ཏུ་བོད་པ་གཙོས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། རང་དབང་འཐབ་རྩོད་པ་མང་པོས་ངོ་རྒོལ་བྱེད་བཞིན་པ་ཡང་མཐོང་རྒྱུ་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་དབྱིན་ཇའི་རྒྱལ་མོའི་Buckinghamཕོ་བྲང་དུ་ཞུགས་རྒྱུ་དང་། ཕོ་བྲང་དེའི་ནང་རྒྱལ་ཁབ་ཀྱི་གསོལ་སྟོན་ཞིག་ཀྱང་གཤོམ་རྒྱུ་ཡིན་པ་རེད།
དབྱིན་ཇིའི་སྲིད་བློན་གྱིས་ཐེངས་འདིའི་རྒྱ་ནག་གི་སྲིད་འཛིན་གྱི་འཚམས་གཟིགས་དེའི་ཐོག་ནས་ཨ་སྒོར་ཐེར་འབུམ་༤༥གྱི་ཚོང་དོན་དང་། མ་རྩ་འཛུགས་རྒྱུའི་གན་རྒྱར་མིང་རྟགས་འགོད་རྒྱུ་ཡིན་པ་དང་། ཚོང་དོན་གན་རྒྱ་འདིའི་ཐོག་ནས་དབྱིན་ཡུལ་ནང་ལས་ཀ་༣༩༠༠ ཙམ་བསྐྲུན་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
དབྱིན་ཡུལ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཧ་ཅང་ཚད་མཐོ་པོ་བཟོ་ཐབས་བྱེད་བཞིན་པའི་བརྒྱུད་རིམ་འདིའི་ཐོག་ནས་དབྱིན་ཇིའི་སྲིད་བློན་གྱི་ངོས་ནས། རྒྱ་ནག་གི་སྲིད་འཛིན་དང་གྲོས་མོལ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ནུས་ཤུགས་ལྡན་པའི་གྲོས་མོལ་ཡོང་རྒྱུ་མིན་པར་མང་པོས་བློ་འཚབ་བྱེད་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་བོད་རང་དབང་ཚོགས་པ་སོགས་ནས་རྒྱ་ནག་གི་སྲིད་འཛིན་གྱི་རྒྱལ་དོན་འཚམས་གཟིགས་སྐབས། ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུའི་འཆར་གཞི་ཡོད་པ་བརྗོད་པ་གཞིར་བཟུང་དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གི་སྲིད་འཛིན་དབྱིན་ཇིའི་རྒྱལ་མོའི་ཕོ་བྲང་དུ་བསྐྱོད་སྐབས་སྐད་འབོད་དང་དྲིལ་བསྒྲགས་ཀྱི་ཡིག་ཆ་སོགས་འགྲེམ་སྤེལ་བྱས་འདུག
དབྱིན་ཡུལ་ནང་དབྱིན་ཇིའི་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་ཐད་འབོད་བརྩོན་ཧ་ལས་པའི་ཆེན་པོ་བྱེད་བཞིན་པར་མི་འདོད་པ་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་འདུག་ཅིང་། དཔེར་ན་གཟའ་ཟླ་བའི་དབྱིན་ཇིའི་སྙན་གྲགས་ཆེ་བའི་ཉིན་རེའི་གསར་ཤོག་(The Times)གྱི་ནང་ཟུར་ཟའི་རི་མོ་ཞིག་བྲིས་ཡོད་པ་དེའི་ནང་། རྒྱ་ནག་གི་སྲིད་འཛིན་སྣེ་ལེན་ཞུ་ཡུལ་ས་གདན་དམར་པོ་ཞིག་སྟེང་དབྱིན་ཇིའི་སྲིད་བློན་ཀེ་མ་རུན་མགོ་གུག་གིས་གུས་འདུད་ཆེན་པོ་ཞུ་བཞིན་པ་ཞིག་བྲིས་ཡོད་པ་རེད།
དབྱིན་ཇིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Fabian Hamilton)གྱིས། ཚོང་དོན་ཁོ་ནའི་ཆེད་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་བློས་གཏོང་བྱེད་བཞིན་པ་ནི་ཧ་ལས་དགོས་པ་ཞིག་རེད་ཅེས་གསུངས་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎