མཚོ་སྔོན་པོའི་མཐའ་འཁོར་གད་སྙིགས་ཀྱིས་ཁེངས་བཞིན་པ།


2015.10.08
ས་གནས་བོད་མི་ཁག་གཅིག་གིས་མཚོ་སྔོན་པོའི་གད་སྙིགས་གཙང་བཟོ་གནང་བཞིན་པ། ས་གནས་བོད་མི་ཁག་གཅིག་གིས་མཚོ་སྔོན་པོའི་གད་སྙིགས་གཙང་བཟོ་གནང་བཞིན་པ།
པར་ཚགས

མཚོ་སྔོན་ཞིང་ཆེན་ནང་ཡོད་པའི་བོད་ཀྱི་མཚོ་སྔོན་པོའི་མཐའ་འཁོར་དུ་གད་སྙིགས་ཕུང་གསོག་ཐེབས་ཡོད་འདུག
དེ་རིང་ཟླ་༡༠་ཚེས་༨ཉིན་རྒྱ་ནག་བོད་ཀྱི་དྲ་རྒྱ་ཞེས་པའི་ཐོག་ཤིན་ཅིང་ཚགས་པར་ཐོག་གི་་གནས་ཚུལ་ཞིག་བཀོད་སྤེལ་བྱས་འདུག་པ་དེའི་ནང་། མཚོ་སྔོན་པོའི་མཐའ་འཁོར་སྤྱི་ལེ་༣༦༠་ནང་འགྱིག་ཤོག་སོགས་གད་སྙིགས་ཀྱིས་ཁེངས་པ་དེ་དག་གྲོང་མིའི་སྡོད་ཁྱིམ་དང་བར་ཐག་མི་ཊལ་༢༠༠་ཙམ་ལས་མེད་པ་རེད།
ཉེ་ཆར་རྒྱ་ནག་གི་རྒྱལ་བཙུགས་དུས་ཆེན་མཇུག་བསྒྲིལ་ཙམ་ཡིན་པ་དང་གྲགས་ཅན་གྱི་མཚོ་སྔོན་པོའི་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་ཐད་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་དོན་ལ། ཟླ་༡༠་ཚེས་༡་ཉིན་ཚོུད་དང་པོ་ནས་ཚོུད་༦་བར་མཚོ་སྔོན་པོའི་ཁུལ་དུ་ཡུལ་བསྐོར་བ་མི་ཐེངས་༥༣༤༣་ཙམ་ཟིན་པས་ན་ནིང་གི་དུས་མཚུངས་པ་ལས་བརྒྱ་ཆ་༢༠་བརྒལ་ཡོད་པ་རེད།   
ལོ་ན་༥༠་ཙམ་སོན་པའི་འབྲོག་པ་ཞིག་གིས་བཤད་ཡག་ལ། ཁོང་རང་ལོ་ན་གཞོན་པའི་སྐབས་མཚོའི་ཉེ་འགྲམ་དུ་སྤང་ལྗོངས་ཀྱིས་ཁྱབ་ཅིང་། དབྱར་དུས་སུ་མེ་ཏོག་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བའི་ས་གདན་བཏིངས་བ་དང་གཉིས་སུ་མ་མཆིས་པ་ཡོད། ད་ཆ་དེ་འདྲ་བའི་ས་ཆ་ཧ་ལམ་མཐོང་རྒྱུ་མེད་པའི་སྐོར་བཤད་འདུག
གུང་ཧོ་རྫོང་གི་ཅང་ཤི་གྲོག་རོང་ཁུལ་དུ་གད་སྙིགས་ཕུང་གསོག་ཐེབས་ནས་བཞག་ཡོད་པ་དེ་གྲོང་མིའི་སྡོད་ཁྱིམ་དང་བར་ཐག་མི་ཊལ་ཉིས་བརྒྱ་ལས་མེད་ཅིང་། གལ་སྲིད་རླུང་བུ་འཚུབ་པའི་སྐབས་གད་སྙིགས་གང་སར་འཁྱེར་ནས་འབྲོག་པའི་སྡོད་ཁྱིམ་དང་། རྩྭ་ཐང་སོགས་ལ་ཁྱབ་ཏེ་སྒོ་ཕྱུག་སེམས་ཅན་གྱིས་བཟས་ཏེ་སེམས་ཅན་གྱི་ཁོག་པའི་ནང་གད་སྙིགས་ཀྱི་རོ་ཏོ་ཁེངས་ནས་བསྡད་པའི་སྐོར་གྲོང་མི་ཨ་བཀྲ་ཤིས་ཟེར་བས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་འདུག གྲོང་ཚོ་དེའི་མི་རྒན་པ་བདུན་དང་ཕྲུ་གུ་གཅིག་བཅས་ཀྱིས་མུའུ་བཅུ་ཙམ་ཡོད་པའི་ས་ཆའི་ནང་གད་སྙིགས་རྒྱ་མ་༣༠༠་ཙམ་སྒྲུག་ཡོད་པ་དེའི་ནང་བཟའ་སྣོད་ལྕགས་ཀྲིང་དང་། སྟབས་བདེ་ཐུག་པའི་སྣོད།  འགྱིག་ཤོག་སོགས་ཡིན་པ་བཤད་འགྲེལ་བྱས་ཡོད་འདུག
མཚོ་སྔོན་པོ་ཡུལ་ལྗོངས་དོ་དམ་ཚན་པས་ལོ་ལྟར་ས་གནས་དང་། རྫོང་། ཤང་སོགས་ལ་གཙང་བཟོའི་མཐུན་སྦྱོར་བྱས་པ་ཡིན་རུང་མཐའ་མ་གྲོང་ཚོ་གཅིག་པུའི་ཐོག་འབབ་ནས་གཙང་བཟོའི་ལས་ཀ་བྱ་ཐབས་བྲལ་བ་ཡིན་པ་སོགས་བཀོད་སྤེལ་བྱས་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎