༸གོང་ས་མཆོག་གི་ཐའེ་ལྦན་མཛད་འཆར་ལེགས་གྲུབ་བྱུང་སྐོར།

༸གོང་ས་མཆོག་གིས་ཁོང་ཐའེ་ལྦན་གྱི་མི་སེར་རྣམས་ལ་ཐུགས་གསོ་གནང་རྒྱུའི་དགོངས་པའི་དམིགས་ཡུལ་ཆ་ཚང་གྲུབ་པའི་སྐོར་བཀའ།

2009.09.03

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ཐའེ་ལྦན་ནང་རྒྱ་མཚོའི་རླུང་འཚུབ་ཀྱི་གོད་ཆགས་བྱུང་བའི་མི་སེར་རྣམས་ལ་ཐུགས་གསོ་དང་གསོལ་འདེབས་སྨོན་ལམ་གནང་རྒྱུའི་དགོངས་པའི་དམིགས་ཡུལ་ཆ་ཚང་གྲུབ་པའི་སྐོར་བཀའ་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐའེ་ལྦན་ལྷོ་ཕྱོགས་ཀའོ་ཤུང་རྫོང་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་རིམ་པ་གྲུབ་ནས་རྒྱལ་ས་ཐའེ་པེ་ཕྱོགས་སུ་རེས་གཟའ་ལྷག་པའི་ཉིན་མེ་འཁོར་ནང་ཞབས་སོར་འཁོད་གནང་ཡོད་ཅིང་སྐབས་དེ་དུས་ཨེ་པི་གསར་སྤེལ་ལས་ཁང་གི་གསར་འགོད་པས་ཟུར་དུ་བཀའ་འདྲི་ཞུས་པའི་བཀའ་ལན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོད་ཆགས་བྱུང་ཡུལ་ཤའོ་ལིང་གྲོང་གསེབ་ཁུལ་དུ་ཕེབས་ནས་གོད་ཆགས་འོག་ནས་གསོན་པོར་ཐར་བའི་མི་སེར་རྣམས་དང་མཇལ་འཕྲད་གནང་བའི་སྐབས་དང་ལྷག་དོན་དུ་གོད་ཆགས་བྱུང་བའི་མི་སེར་མང་པོས་མིག་ཆུ་བཏང་བའི་སྐབས་༸གོང་ས་མཆོག་ཀྱང་ཐུགས་སྐྱོ་པོ་བྱུང་བའི་སྐོར་བཀའ་གནང་འདུག ཡིན་ནའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་མཚོའི་རླུང་འཚུབ་ཀྱི་གོད་ཆགས་བྱུང་ཚར་བ་དེ་དངོས་ཡོད་གནས་ཚུལ་ཡིན་པ་དང་ཁོང་གི་ཐུགས་དགོངས་ཀྱི་དམིགས་ཡུལ་གཙོ་བོ་ད་ལྟ་གསོན་པོར་འཚོ་བཞིན་པའི་ནང་མི་རྣམས་དང་ས་ཁུལ་གྱི་མི་སེར་རྣམས་སྡུག་བསྔལ་གྱི་མནར་བཞིན་པར་ཐུགས་གསོ་དང་གསོལ་འདེབས་སྨོན་ལམ་སྐྱོན་རྒྱུའི་དགོངས་པའི་དམིགས་ཡུལ་གྲུབ་པའི་སྐོར་བཀའ་གནང་འདུག ཐའེ་ལྦན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀའོ་ཤུང་ནས་ཕེབས་ཐོན་མ་གནང་གོང་༸གོང་ས་མཆོག་གིས་ཁོང་ཐའེ་ལྦན་དུ་ཕེབས་པའི་རྒྱུན་རིམ་ནང་ཆབ་སྲིད་ཀྱི་གནད་དོན་ཐོག་དགོངས་བཞེས་གནང་མེད་པའི་སྐོར་བསྐྱར་དུ་རེས་གཟའ་ལྷག་པའི་ཉིན་ནན་པོ་བཀའ་གནང་བ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎