ལི་ཐུཝི་ནི་ཡར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐད་འབོད་གནང་འདུག

2024.05.20
ལི་ཐུཝི་ནི་ཡར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐད་འབོད་གནང་འདུག ལི་ཐུཝི་ནི་ཡར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐད་འབོད་གནང་སྐབས། ༠༥།༡༧།༢༠༢༤
CTA

ཕྱི་ཟླ་༥བའི་ཚེས་༡༧ཉིན་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་ཕྱིན་ནས་ལོ་ངོ་༢༩འཁོར་བའི་དུས་དྲན་ཉིན། ལི་ཐུཝི་ནི་ཡའི་(Lithuania)་རྒྱལ་ས་(Vilnius)་བོད་དོན་རྒྱབ་སྐྱོར་ཚོགས་པས་ལི་ཐུཝི་ནི་ཡར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་འདུག ངོ་རྒོལ་ལས་འགུལ་དེ་ལི་ཐུཝི་ནི་ཡ་དང་། ཡོ་རོབ་ཀྱི་ཆབ་སྲིད་པ་རྣམས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐོག་དོ་སྣང་ཡོང་སླད་ཡིན་སྐོར་བརྗོད་ཡོད་པ་རེད།
༡༩༩༥ལོའི་ཟླ་༥ཚེས་༡༧ཉིན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་གསུམ་ཕྱིན་རྗེས་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་སྐུ་འཁོར་ནང་མི་དང་། བྱ་བྲལ་རིན་པོ་བཅས་པ་བཙན་ཁྲིད་རྗེས་གར་སོང་ཆ་མེད་དུ་ཕྱིན་ཡོད་པ་དང་། (Vilnius)་བོད་དོན་རྒྱབ་སྐྱོར་ཚོགས་མི་(Robertas Mažeika)་ལགས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་ཐད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་གལ་ཆེན་ཡིན་སྐོར་གསུང་པ་དང་སྦྲགས། བོད་མི་དང་། ལི་ཐུཝི་ནི་ཡའི་བོད་རིགས་སྐུ་ཚབ་བཅས་ཀྱིས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྒྱབ་སྐྱོར་ཆེད་ཁས་ལེན་དམ་བཅའི་མཚན་རྟགས་འགོད་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུག

Tibet Support Group in Vilnius༡.jpg
ཝིལ་ནི་ཡ་སི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་། ཝིལ་ནི་ཡ་སི་བོད་ཁང་གི་འགན་འཛིན་(Vytis)་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་བའི་ཡང་སྲིད་གནད་དོན་ནི། དོན་དངོས་སུ་རྒྱལ་སྤྱིའི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུངས་འདུག ཡང་ཁོང་གིས། བོད་མི་དང་ཡུ་གུར་བ་རྣམས་ང་ཚོའི་མཐུན་གྲོགས་ཡིན། ད་ལྟ་ཨུ་རུ་སུའི་ནང་མི་ཆོས་ལས་བརྒལ་བའི་སྲིད་གཞུང་དེའི་མཐུན་གྲོགས་རྒྱ་ནག་ཡིན་སྟབས། ང་ཚོས་ངེས་པར་དུ་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་དགོས། ཞེས་ཀྱང་གསུངས་འདུག
ཉིན་དེར་ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་བོད་དང་ལི་ཐུཝི་ནི་ཡའི་རྒྱལ་དར་འཕྱར་བ་དང་མཉམ། པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་གཏོང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱ་དགོས། བོད་ནང་རིག་གཞུང་རྩ་མེད་གཏོང་མཚམས་འཇོག་དགོས། ཞེས་སོགས་ཀྱི་འབོད་ཚིག་བཀོད་པའི་འཕྲེད་དར་བཟུང་ནས་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། གནས་ཚུལ་དེ་རྒྱལ་ཁབ་དེའི་རྒྱལ་ཡོངས་བརྙན་འཕྲིན་ཐོག་རྒྱང་སྲིང་བྱས་ཡོད་སྐོར་སོགས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎