རྒྱ་ནག་གི་ཧང་ཀྲོའུ་གྲོང་ཁྱེར་ནང་མི་མང་གིས་ངོ་རྒོལ་བྱེད་སྲིད་པར་དོགས་ནས་དམ་དྲག་བྱས་འདུག

2024.08.13
རྒྱ་ནག་གི་ཧང་ཀྲོའུ་གྲོང་ཁྱེར་ནང་མི་མང་གིས་ངོ་རྒོལ་བྱེད་སྲིད་པར་དོགས་ནས་དམ་དྲག་བྱས་འདུག ཟ་མ་སྐྱེལ་མཁན་ཞིག་གིས་པེ་ཅིང་དུ་ཆར་བའི་ཁྲོད་ལས་ཀ་བྱེད་བཞིན་པ། ༠༨།༡༠།༢༠༢༤
AFP

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༡༢གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཧང་ཀྲོའུ་གྲོང་ཁྱེར་ལིའུ་ཁྲེན་ཁུལ་གྱི་དངོས་ཟོག་ཚོང་གཉེར་ཁང་ཞིག་གི་བདེ་འཇགས་མི་སྣ་དང་། ཁ་ལག་སྐྱེལ་མཁན་ཕོ་གསར་ཞིག་གི་བར་གདོང་ཐུག་གི་འཁྲུག་པ་བྱུང་སྐབས། བདེ་འཇགས་མི་སྣ་དེས་ཁ་ལག་སྐྱེལ་མཁན་ཕོ་གསར་དེར་པུས་མོ་ས་ལ་བཙུགས་བཅུག་སྟེ་དགོངས་དག་ཞུས་བཅུག་ཡོད་པའི་གནས་ཚུལ་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་རྗེས། དེར་དོ་སྣང་བྱེད་མཁན་དང་དབྱེ་ཞིབ་བྱེདམཁན་ཧ་ཅང་མང་པོ་བྱུང་ཡོད་པ་དང་། གདོང་ཐུག་གི་གནས་ཚུལ་བྱུང་རྗེས་ཁ་ལག་སྐྱེལ་མཁན་ལས་མི་ཚོ་གནས་ཚུལ་བྱུང་ཡུལ་དུ་མཉམ་འཛོམས་ཀྱིས་ཀྲུང་ཧཱ་མི་རིགས་ཉེན་ཁའི་གནས་སུ་ཡོད། བདེ་སྲུང་མི་སྣའི་བྱ་སྤྱོད་ལ་ངོ་རྒོལ་ཡོད། དྲག་གནོན་བྱེད་མཁན་སླེབས་སོང་ཟེར་བ་སོགས་སྐད་འབོད་དང་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། འོན་ཀྱང་དེ་མ་ཐག་སྐབས་དེར་རྒྱ་ནག་གི་ཉེན་རྟོག་པ་འབོར་ཆེན་ཁུལ་དེར་སླེབས་ནས་དམ་དྲག་ཤུགས་ཆེ་བྱས་ཡོད་པ་རེད།

སྤྱི་ཚོགས་དྲྭ་ལམ་དུ་གནས་ཚུལ་དེའི་ཐད་མུ་མཐུད་དུ་གླེང་སློང་དང་དོ་སྣང་ཆེན་པོ་བྱུང་བ་མ་ཟད་། ཉེན་རྟོག་ལས་ཁུངས་ནས་དོན་རྐྱེན་འདིར་ཐག་གཅོད་ཅི་འདྲ་ཞིག་བྱེད་མིན་མང་ཚོགས་ཁྲོད་གླེང་སློང་བྱུང་བཞིན་པར་བརྟེན། མུ་མཐུད་དུ་མི་མང་གི་ངོ་རྒོལ་ལས་འགུལ་རིགས་མི་འབྱུང་ཆེད་གདོང་ཐུག་དང་ངོ་རྒོལ་སྐོར་གྱི་པར་དང་བརྙན་སྤྱི་ཚོགས་དྲྭ་ལམ་ནས་བསུབ་པ་དང་། ས་གནས་སུ་རྒྱ་ནག་གི་ཉེན་རྟོག་མི་སྣ་མང་པོ་དཀྲམ་ནས་དམ་དྲག་བྱེད་འགོ་ཚུགས་ཡོད་འདུག


གསར་འགོད་པ། སྐལ་བཟང་སྒྲོལ་མ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎