རྒྱ་ནག་ནང་དགེ་རྒན་ཆིག་ཁྲི་ལྷག་གིས་ཞུ་འབོད་ལས་འགུལ་སྤེལ་འདུག


2016.10.21
རྒྱ་ནག་གི་རྒྱལ་སའི་འབྲེལ་ཡོད་ལས་ཁུངས་མདུན་ཞིང་ཆེན་འདྲ་མིན་གྱི་དགེ་རྒན་ཆིག་ཁྲི་ལྷག་གིས་ཞུ་འབོད་ལས་འགུལ་སྤེལ་སྐབས། ༢༠༡༦།༡༠།༡༩ རྒྱ་ནག་གི་རྒྱལ་སའི་འབྲེལ་ཡོད་ལས་ཁུངས་མདུན་ཞིང་ཆེན་འདྲ་མིན་གྱི་དགེ་རྒན་ཆིག་ཁྲི་ལྷག་གིས་ཞུ་འབོད་ལས་འགུལ་སྤེལ་སྐབས། ༢༠༡༦།༡༠།༡༩
RFA/རྒྱ་སྐད་སྡེ་ཚན།

རྒྱ་ནག་གི་ཞིང་ཆེན་ཁག་༢༩་ནང་གི་སྒེར་གྱི་སློབ་གྲྭ་ཁག་གི་དགེ་རྒན་དང་ཚབ་ཁྲིད་དགེ་རྒན་སོགས་དགེ་རྒན་ཆིག་ཁྲི་ལྷག་གིས་པེ་ཅིན་གྱི་འབྲེལ་ཡོད་ལས་ཁུངས་མདུན་རྒྱལ་ཡོངས་རང་བཞིན་གྱི་ལྡན་པའི་ཞུ་འབོད་ཀྱི་ལས་འགུལ་ཐེངས་དྲུག་པ་དེ་སྤེལ་ཡོད་འདུག           
དེ་ཡང་འདི་ཚེས་༡༩་ཉིན་གྱི་སྔ་དྲོར་རྒྱ་ནག་གི་ཧེ་ལུང་ཅང་དང་། ཧུའུ་པེ། ཧུའུ་ནན། ཨན་ཧེས་སོགས་ཞིང་ཆེན་གྲངས་༢༩་ནས་ཡོང་བའི་ལས་ཞོར་སྒེར་གཉེར་སློབ་གྲྭའི་དགེ་རྒན་དང་།  ལས་ཐོག་ཚབ་ཁྲིད་དགེ་རྒན་སོགས་དགེ་རྒན་ཆིག་ཁྲི་ལྷག་རྒྱལ་ས་པེ་ཅིང་གི་རྒྱལ་ཁབ་ཡིག་འགྲུལ་འབྲེལ་གཏུགས་ཁང་གི་མདུན་དེར་འཛོམས་ཏེ། ཁོང་ཚོར་ལས་བྱེད་ངལ་གསོའི་འགན་སྲུང་དང་། སྨན་བཅོས་ཀྱི་འགན་སྲུང་དགོས་པ་མ་ཟད་ལས་ཤོར་གྱི་གུན་གསབ་སྤྲོད་དགོས་པའི་ཞུ་འབོད་བྱས་ཡོད་འདུག           
རྒྱ་ནག་གི་ཧེ་ལུང་ཅང་ནས་ཡིན་པའི་ལས་འགུལ་བ་ཞིག་གིས། དེ་སྔོན་ཧེ་ལུང་ཅང་ཞིང་ཆེན་གྱི་སྒེར་གཉེར་དགེ་རྒན་༧༠༠༠་གཞུང་གཉེར་སློབ་གྲྭ་ཁག་ནང་གནས་སྤོ་བྱེད་འཆར་ཡོད་ཀྱང་། ལས་གཞི་དངོས་སུ་ལག་ལྟར་བྱེད་སྐབས་དགེ་རྒན་༥༠༠་ལྷག་མ་གཏོགས་གནས་སྤོ་བྱས་མེད་པ་མ་ཟད་། ཕྱི་ལོ་༢༠༠༠་ནས་༢༠༠༤་བར་སྒེར་གཉེར་སློབ་གྲྭའི་དགེ་རྒན་རྣམས་དགེ་རྒན་ཚད་ལྡན་མེད་ལུགས་བརྗོད་ནས་ལས་གནས་ནས་ཕྱིར་འབུད་བཏང་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག           
འདི་ལྟ་བུའི་གནས་ཚུལ་བོད་ཀྱི་མངའ་ཁུལ་དུའང་བྱུང་མྱོང་ཡོད་ཅིང་། དེ་སྔོན་ལོ་ཤས་གོང་མདོ་སྨད་རེབ་གོང་ས་ཁུལ་གྱི་བོད་རིགས་ཚབ་ཁྲིད་དགེ་རྒན་མང་པོ་ཞིག་གིས་ཁོང་ཚོར་ཕོགས་ཐོབ་སྤར་ཆ་དགོས་པ་དང་། དགེ་རྒན་གྱི་ལས་གནས་ངོ་མར་བསྒྱུར་དགོས་པའི་དགོས་འདུན་བཏོན་པ་དང་ཆབས་ཅིག་མི་མང་གི་དོ་སྣང་འགུགས་ཐབས་ཆེད་རྒྱང་ཐག་ཧ་ཅང་རིང་བའི་རེབ་གོང་ནས་ཟི་ལིང་བར་གོམས་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།

གསར་འགོད་པ་བོད་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎