ཞི་བདེའི་དུས་རབས་ཤིག་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས།


2014.10.29
༧གོང་ས་མཆོག་གིས་ཨ་རིའི་Princetonམཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་མང་ཚོགས་ལ་བཀའ་སློབ་གནང་བཞིན་པ། ༢༠༡༤།༡༠།༢༨ ༧གོང་ས་མཆོག་གིས་ཨ་རིའི་Princetonམཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་མང་ཚོགས་ལ་བཀའ་སློབ་གནང་བཞིན་པ། ༢༠༡༤།༡༠།༢༨
སྐུ་སྒེར་དྲ་བ

༧གོང་ས་མཆོག་གིས་Princetonམཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་མང་ཚོགས་ལ་བཀའ་སློབ་དང་སློབ་མ་དྲག་འདེམས་མཉམ་བགྲོ་གླེང་གནང་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ས་ཨ་རིའི་མངའ་སྡེ་ནེའུ་ཇར་སིའི་ནང་གི་སྙན་གྲགས་ཆེ་བའི་Princetonགཙུག་ལག་སློབ་གྲ་ཆེན་མོའི་ནང་བྱམས་བརྩེ་གོང་སྤེལ་གཏོང་ཐབས་དང་འབྲེལ་ཡོད་སྐོར་མང་ཚོགས་༤༠༠༠་ལྷག་ལ་བཀའ་སློབ་སྩལ་གནང་བ་དང་། ༧གོང་ས་མཆོག་གིས། མང་གཙོ་དང་རང་དབང་སྤྱི་དམངས་ཐོབ་ཐང་བཅས་ཡོང་བར་བྱམས་བརྩེ་དང་། ཞི་བདེ་གཉིས་ཀྱི་ཕན་ནུས་ཐོན་ཐུབ་རྒྱུ་ཡིན་ལུགས་བཀའ་གནང་བ་དང་། དེ་བཞིན་རོལ་དབྱངས་དང་གསར་འགྱུར་བརྒྱུད་ལམ་གཉིས་ནས་ཀྱང་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་སུ་མི་མང་ས་ཡ་མང་པོར་འགྱུར་བ་གཏོང་ཐུབ་རྒྱུ་ཡིན་པའི་སྐོར་བཀའ་གནང་འདུག ད་དུང་ཤེས་ཡོན་སྦྱང་བརྩོན་བྱས་ནས་བཟང་ངན་གྱི་དབྱེ་འབྱེད་ཐུབ་པ་བྱེད་རྒྱུ་དང་། ལྷག་པར་དུ་ལྟ་གྲུབ་མི་འདྲ་བ་དང་རིག་གཞུང་མི་འདྲ་བ་ཚང་མར་གུས་བརྩི་ལྡན་པའི་ཐོག་ནས་གོ་རྟོགས་ཡག་པོ་ཡོད་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག སློབ་གྲ་ཆེན་མོ་དེའི་ཆོས་ལུགས་སྡེ་ཚན་དང་མཆོད་ཁང་སྤྱི་ཁྱབ་ལྕམ་Alison Bodenལགས་ཀྱིས་བོད་ཀྱི་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤་པ་ཆེན་པོ་མཆོག་གིས་བོད་མིའི་བདེ་དོན་དྲང་བདེན་དང་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་མཛད་བཞིན་པ་དང་། ལྷག་དོན་དུ་མགོན་པོ་གང་ཉིད་ནི་འཛམ་གླིང་ནང་གི་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་མཐུན་སྒྲིལ། སྤྱི་ཚོགས་ཞབས་ཞུ་སོགས་གལ་འགངས་ཆེ་བའི་གནད་དོན་མང་པོའི་མགྲིན་ཚབ་པ་ལྟ་བུར་འགྱུར་ཡོད་སྟབས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ཞུ་མཁན་ཚང་མར་དོན་སྙིང་ལྡན་པའི་ཤུགས་རྐྱེན་གཏིང་ཟབ་ཐེབས་རྒྱུའི་རེ་བ་ཞུ་ཡི་ཡོད་སྐོར་སོགས་༧གོང་ས་མཆོག་མང་ཚོགས་ལ་ངོ་སྤྲོད་ཚུལ་དུ་གསུང་བཤད་གནང་འདུག དེ་ནས་༧གོང་ས་མཆོག་གིས་དེར་འདུས་གཙུག་ལག་སློབ་གྲ་ཆེན་མོའི་དགེ་ལས་སློབ་ཕྲུག་༤༢༠༠་བརྒལ་བར་བཀའ་སློབ་གནང་དོན་སྤྱིར་བཏང་འགྲོ་བ་མི་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་རྒྱུ་ནི་གཞི་རྩའི་ཐོབ་ཐང་རེད། དེ་ལྟར་ཡོང་བར་ཕྱོགས་ཡོངས་ནས་བསམ་གཞིགས་དང་དོན་དངོས་ཐོག་འབད་བརྩོན་བྱེད་དགོས་པ་ཞིག་ཆགས་ཡོད། འཛམ་གླིང་འདིའི་སྟེང་ལ་ཡོད་པའི་ཆོས་ལུགས་རྣམས་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེ་དང་བཟོད་བསྲན་སྙིང་རྗེའི་བསླབ་བྱ་གཅིག་གྱུར་གསུང་བཞིན་ཡོད། དེང་སང་གཙུག་ལག་སློབ་གྲ་ཆེན་མོ་ཕལ་ཆེ་བའི་ཤེས་ཡོན་སློབ་གསོ་རྣམས་དེང་དུས་ཀྱི་འཛུགས་བསྐྲུན་དང་། ཕྱི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཡིན་པར་སློབ་གྲའི་ངོས་ནས་ནང་སེམས་ཀྱི་སྐོར་ལ་ཤེས་ཡོན་སྤྲོད་ཕྱོགས་ཐོག་ཐབས་ལམ་འཚོས་དགོས་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད། ལྷག་པར་དུ་སློབ་ཕྲུག་ཚོས་འགན་འཁུར་ཆེ་ཙམ་བླངས་སྟེ་དུས་རབས་ཉེར་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས་སྐོར་སོགས་བཀའ་སློབ་སྩལ་གནང་མཛད་ཡོད་པའི་གནས་ཚུལ་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ནས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎