༸གོང་ས་མཆོག་ནས་ལིའུ་ཤའོ་ཕུའུ་ལ་འཚམས་འདྲི་གནང་བ།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་གནང་བ།

2010.10.08

༄༅༎དེ་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་བཀྲིས་བདེ་ལེགས་ཡོད་ཅེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་རེད།

དེ་ཡང་༧གོང་ས་མཆོག་གི་གསར་འགོད་གསལ་བསྒྲགས་ནང། ལིའུ་ཤའོ་ཕུའུ་ལ་ཞི་བདེའི་བྱ་དགའ་ཐོབ་པ་དེ་ནི་རྒྱ་ནག་མི་དམངས་ཀྱི་ནང་དུ་ཆབ་སྲིད་དང་ཁྲིམས་ལུགས། རྩ་ཁྲིམས་བཅོས་བསྒྱུར་གཏོང་རྒྱུར་འདོད་པ་འཛིན་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་གནང་བ་ཞིག་ཡིན་པ་དང༌། ངོས་རང་སྒེར་གྱི་ཐོག་ནས་འཕེལ་རིམ་དེ་ནི། ལིའུ་ཤའོ་ཕུའུ་ལྟ་བུ་རྒྱ་ནག་གི་དམངས་གཙོ་དར་འཕེལ་དང་རང་དབང་དོན་གཉེར་བ་ཚོས་༢༠༠༨ལོའི་རྩ་འཛིན་ཡིག་ཆར་ས་རྟགས་རྒྱབ་པ་དེ་ཡིས་ངོས་རང་ལའང་བློ་སྟོབས་ཆེན་པོ་ཞིག་སྐྱེས་བྱུང༌། སྐབས་དེ་དུས་ངོས་རང་པོའོ་ལན་དྲི་དུ་འཚམས་འདྲིར་སླེབས་པའི་དུས་ཚོད་འཁེལ་ཏེ། ༢༠༠༨ལོའི་རྩ་འཛིན་ཡིག་ཆ་འགྲེམས་སྤེལ་བྱས་ནས་ཉིན་གཉིས་ཕྱིན་པའི་རྗེས། ༢༠༠༨ལོའི་ཕྱི་ཟླ་༡༢པའི་ཚེས་༡༢ཉིན་ངོས་ནས་ལས་དོན་དེར་ཡིད་སྨོན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུ་བྱུང༌། ངོས་ནས་རྒྱ་ནག་གི་མི་རབས་གསར་པ་ཚོས་དམངས་གཙོའི་འབྲས་བུ་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་བྱུང་ལ་རྒྱ་ནག་ནང་དོན་དངོས་དང་མཐུན་པའི་བསྒྱུར་བཅོས་ཤིག་གཏོང་ཐུབ་པ་ཡིན་ན། དེ་ཡིས་འཆམ་མཐུན་དང༌། བརྟན་ལྷིང༌། དཔལ་ཡོན་ལྡན་པའི་རྒྱ་ནག་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་བསྒྱུར་བཅོས་དེ་ཡིས་འཛམ་གླིང་ཞི་བདེ་སྐྲུན་པར་ཕན་རླབས་ཆེན་པོ་སྐྲུན་རྒྱུ་ཡིན་པ་རེད། མཐར་དོན། ངོས་ནས་ད་རེས་ཀྱི་གོ་སྐབས་དེ་བཟུང་སྟེ། རྒྱ་ནག་གཞུང་ལ་ལིའུ་ཤའོ་ཕུའུ་གློད་འགྲོལ་ཡོང་བའི་བསྐྱར་དུ་འབོད་སྐུལ་བྱེད་ཀྱི་ཡོད་ལ། དེ་དང་ཆབས་ཅིག་སྨྲ་བརྗོད་རང་དབང་གི་གནད་དོན་ཐོག་ནས་བཙོན་འཇུག་བྱེད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱང་གློད་བཀྲོལ་ཡོང་བའི་འབོད་སྐུལ་བྱེད་རྒྱུ་ཡིན་ཞེས་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎