༸གོང་ས་མཆོག་གི་ཆིབས་བསྒྱུར་སླད་གྲ་སྒྲིག་གནང་བཞིན་པ།
2016.02.20
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་ཚེས་༢༡ཉིན་མི་ཎི་སོ་ཌ་ Minnesota མངའ་སྡེའི་མི་ཎི་ཨེ་ཕོ་ལེསི་ Minneapolis གྲོང་ཁྱེར་དུ་གསུང་ཆོས་དང་མི་དམངས་ལ་བཀའ་སློབ་གནང་གི་ཡོད་པས་ས་གནས་བོད་མིའིི་སྤྱི་མཐུན་ཚོགས་པ་ནས་གྲ་སྒྲིག་གི་ལས་དོན་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་འདུག ད་རེས་ཀྱི་མཛད་འཆར་འདི་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པ་ནས་གོ་སྒྲིག་གནང་གི་ཡོད་པ་དང་། ཚེས་༢༠ཉིན་མི་ཎི་སོ་ཌར་བོད་མིའི་སྤྱི་མཐུན་ཚོགས་པའི་བོད་ཀྱི་རིག་གཞུང་བསྟི་གནས་ལུགས་གཉིས་ཕུན་ཚོགས་ཁང་ལ་ཕྱག་འཁྱེར་བཙོང་རྒྱུ་ལ་སོགས་པའི་དེ་མིན་གྲ་སྒྲིག་གི་ལས་དོན་ཁག་ཅིག་གཉེར་བཞིན་ཡོད་པ་དང་། སྤྱི་ཡོངས་ཀྱི་གྲ་སྒྲིག་ཆེ་བ་ཁག་ལེགས་གྲུབ་ཟིན་པའི་ཐོག་སྡིངས་ཆའི་བཀོད་སྒྲིག་དང་གསར་འགོད་འབྲེལ་གཏུགས། ཚོགས་རྭའི་བཀོད་སྒྲིག་སོགས་ཀྱི་ལས་དོན་བྲེལ་འཚུབ་ངང་སྤེལ་བཞིན་ཡོད་པའི་ཞིབ་ཕྲའི་གནས་ཚུལ་གཤམ་ལ་གསན་རོགས་གནང་།