ཐའེ་ལྦན་གྱི་དངོས་ཟོག་རྒྱ་ཆེའི་ཕྱིའི་ཁྲོམ་རར་ཚོང་འགྱུར།

ཐའེ་ལྦན་གྱི་དངོས་ཟོག་རྣམས་རྒྱ་ནག་དང་ཧོང་ཀོང་ནང་ཕྱིར་ཚོང་བྱེད་པ་དེ་ཁོ་ན་མ་ཡིན་པར་རྒྱ་ཆེ་བའི་ཁྲོམ་རའི་ནང་ཚོང་འགྱུར་བྱེད་འཆར།

2009.12.08

༄༅༎ཐའེ་ལྦན་གྱི་དངོས་ཟོག་རྣམས་རྒྱ་ནག་དང་ཧོང་ཀོང་གི་ཁྲོམ་ར་ཁོ་ནའི་ནང་ཕྱིར་ཚོང་བྱེད་པ་དེ་ཁོ་ན་མ་ཡིན་པར་དེ་ལས་རྒྱ་ཆེ་བའི་ཁྲོམ་རའི་ནང་ཚོང་འགྱུར་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་རིང་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་གྱི་སྲིད་བློན་ལྦུའུ་ཏེན་ཡི་གྱིས་ད་བར་ཐའེ་ལྦན་གྱི་དངོས་ཟོག་རྣམས་རྒྱ་ནག་དང་ཧོང་ཀོང་གི་ཁྲོམ་རའི་ནང་ཕྱིར་ཚོང་བྱེད་པ་དེ་ཁོ་ན་མ་ཡིན་པར་མ་འོངས་པར་ཐའེ་ལྦན་གྱི་དངོས་ཟོག་རྣམས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་ཁྲོམ་རའི་ནང་ཚོང་འགྱུར་དང་ཕྱིར་ཚོང་བྱ་གཞག་གི་གཞི་ཡུལ་རྒྱ་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པའི་སྐོར་དང། ད་ལྟ་བར་རྒྱ་ནག་དང་ཧོང་ཀོང་གི་ཁྲོམ་རའི་ནང་ཐའེ་ལྦན་གྱི་དངོས་ཟོག་བརྒྱ་ཆ་བཞི་ཅུ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང། ཕྱིར་ཚོང་གི་བརྒྱ་ཆ་དེ་ནི་ཧ་ཅང་གི་མཐོ་པོ་ཡིན་པར་བརྟེན། ང་ཚོའི་དངོས་ཟོིག་རྣམས་ཁྲོམ་ར་གཅིག་གི་ནང་དུ་ཕྱིར་ཚོང་བྱེད་རྒྱུ་ཁོ་ནར་བསམ་བློ་དང་ཁ་ཕྱོགས་མ་གཏད་པར་འཛམ་གླིང་གི་རྒྱལ་ཁབ་དཔེར་ན། ཉི་ཧོང་དང། ལྷོ་ཀོ་རི་ཡ། ལྷོ་ཤར་ཨེ་ཤི་ཡ། ཨ་མི་རི་ཀ། ཁེ་ན་ཌ། ཨོ་སི་ཀྲོ་ལི་ཡ་སོགས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་དག་ནང་དངོས་ཟོག་ཕྱིར་ཚོང་གི་ཁྲོམ་རའི་གཞི་ཡུལ་རྒྱ་ཆེ་རུ་བཏང་བ་བརྒྱུད་ཐའེ་ལྦན་གྱི་ཚོང་འབྲེལ་ཡར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎