རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གསར་བ་གཏན་འཁེལ་འདུག


2016.10.06
སྐུ་ཞབས་ཨེན་ཊོ་ནིའོ་གུ་ཆེ་ར་སི་Antonio Guterres་མཆོགགི་ཉེ་པར། སྐུ་ཞབས་ཨེན་ཊོ་ནིའོ་གུ་ཆེ་ར་སི་Antonio Guterres་མཆོགགི་ཉེ་པར།
UN

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནས་Portugal་རྒྱལ་ཁབ་ཀྱི་སྲིད་བློན་ཟུར་པ་དང་ད་ལྟའི་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་འཛིན་Antonio Guterres་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གསར་པར་འདེམས་བསྐོ་གནང་གཏན་འཁེལ་འདུག
དེ་ཡང་འཆར་ལོའི་ཕྱི་ཟླ་༡པོའི་ནང་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་Ban Ki Moon མཆོག་གི་ལས་དུས་གཙང་གི་ཡོད་ཅིང་། སྤྱི་ཁྱབ་དྲུང་ཆེ་གསར་པ་བཞེངས་མཁན་ཁོངས་སུ་འོས་མི་༡༠་ཙམ་བྱུང་ཡོད་པ་དང་། རེས་གཟའ་ལྷག་པའི་ཉིན། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནང་། ཚོགས་ཞུགས་རྒྱལ་ཁབ་༡༥འི་སྐུ་ཚབ་འཐུས་མི་རྣམས་ནས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འོས་མིའི་ཐོག་འོས་ཤོག་བླུགས་འདུག དེའི་ཐོག་ཚོགས་ཞུགས་རྒྱལ་ཁབ་༡༥འི་སྐུ་ཚབ་ནང་ནས་འཐུས་མི་༡༣གི་Portugal་གི་སྲིད་བློན་ཟུར་པ་སྐུ་ཞབས་ Antonio Guterres་མཆོག་རྒྱལ་ཚོགས་ཀྱི་དྲུང་ཆེར་འདེམས་བསྐོ་གནང་རྒྱུའི་རྒྱབ་སྐྱོར་གྱི་འོས་བླུགས་འདུག་པ་མ་ཟད། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་ཞུགས་རྒྱལ་ཁབ་ལྔའི་ནང་ནས་དགག་བྱ་གནང་མཁན་གཅིག་ཀྱང་བྱུང་མེད་པ་གསལ་འདུག
འོས་བླུགས་གྲུབ་པའི་རྗེས་ར་ཤི་ཡའི་སྐུ་ཚབ་Vitaly Churkin་མཆོག་གིས། ང་ཚོས་རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་པའི་འོས་མིའི་བདམས་ཁ་གསལ་པོ་ཆགས་སོང་། ཁོང་གི་མཚན་Antonio Guteeres་རེད་ཅེས་དང་། མ་འོངས་ལོ་ལྔའི་རིང་ཁོང་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་ཁུར་བཞེས་རིང་ལས་དོན་ལམ་ལྷོངས་ཡོང་བའི་འཚམས་འདྲི་ཡོད་ཅེས་གསར་འགོད་པ་ཚོར་གསུངས་འདུག
དགུངས་གྲངས་༦༧ཕེབས་པའི་སྐུ་ཞབས་Antonio Guteeres་ནི་༡༩༩༢ནས་༢༠༠༢་བར་Portugal་རྒྱལ་ཁབ་ཀྱི་སྲིད་བློན་གནང་ཡོད་པ་དང་། དེ་རྗེས་འདས་པའི་ལོ་ངོ་བཅུ་གྲངས་ལྷག་རིང་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་འཛིན་གནང་མུས་ཡིན་འདུག
རྒྱལ་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་ནས་སྤྱི་ཁྱབ་དྲུང་ཆེ་བཞེངས་མཁན་འོས་མི་རྣམས་ལ་ དྲུང་ཆེའི་ལས་དོན་ཞུ་ཕྱོགས་སྐོར་དགོངས་ཚུལ་འདྲི་རྩད་གནང་སྐབས། སྐུ་ཞབས་Antonio Guteeres་མཆོག་གིས། ཁོང་དྲུང་ཆེར་འདེམས་བསྐོ་བྱུང་ཚེ་རྒྱལ་ཚོགས་ཀྱི་འཛིན་སྐྱོང་ལས་དོན་ལ་བསྐྱར་བཅོས་གནང་རྒྱུ་དང་། ལས་དོན་གྱི་ཐད་ནས་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་དམག་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་བཅས་པར་དོ་འཁུར་ཆེ་བཞེས་གནང་རྒྱུ་ཡིན་པ་གསུངས་འདུག  
གནས་ཚུལ་ནང་གསལ་ལྟར་ན། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནས་སྐུ་ཞབས་Anotnio Guteeres་སྤྱི་ཁྱབ་དྲུང་ཆེར་བསྐོ་བཞག་གི་རྒྱབ་གཉེར་གཏན་འཁེལ་བྱུང་བའི་རྗེས། རིང་མིན་རྒྱལ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐོག་ནས་མཐའ་མའི་གཏན་འཁེལ་ཐག་གཅོད་གནང་རྒྱུ་ཡིན་འདུག༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎