ལྕམ་ཨང་སན་སུའུ་ཀིས་གྲོང་གསེབ་ཁུལ་དུ་འཚམས་འདྲིར་ཕེབས།

འབར་མའི་གཞུང་གིས་ད་དུང་ལྕམ་ཨོང་སན་སུའུ་ཀིའི་འགྲོ་སྡོད་དང་ལས་དོན་སྤེལ་བར་རང་དབང་ཆ་ཚང་བ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ།

2011.07.08

༄༅༎འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཀི་ཐེངས་དང་པོ་གྲོང་གསེབ་ཁུལ་དུ་འཚམས་འདྲིར་ཕེབས་པའི་རིང་ས་གནས་མི་དམངས་ཀྱི་རྒྱབ་སྐྱོར་དང་དགའ་མོས་ཞུ་མཁན་གྱི་འདུ་འཛོམས་ཆེན་པོ་བྱུང་སྟེ་ཁོང་ལ་རང་དབང་གི་རྣམ་པ་བྱུང་ཡོད་ཀྱང་གནས་ཚུལ་དབྱེ་ཞིབ་པས་འབར་མའི་གཞུང་གིས་ད་དུང་ཁོང་གི་འགྲོ་སྡོད་དང་ལས་དོན་སྤེལ་བར་རང་དབང་ཆ་ཚང་བ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མྱོང་མཁན་དང་འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཀི་འབར་མའི་གྲོང་གསེབ་ས་ཁུལ་དུ་འཚམས་འདྲིར་ཕེབས་པའི་སྐབས་དྲག་ཆས་མ་སྤྲད་པའི་ཉེན་རྟོག་པ་རྗེས་སུ་སྙེགས་ནས་ཡོད་པ་དང༌། ཁོང་གིས་མི་དམངས་ལ་གཏམ་བཤད་གནང་དུ་མ་བཅུག་པ་སོགས་ཀྱིས་ད་ལྟའི་འབར་མའི་གཞུང་གིས་ཁོང་ཆབ་སྲིད་ཀྱི་ལས་དོན་ནང་ཐེ་ཇུས་བྱེད་དུ་བཅུག་རྒྱུ་མིན་པའི་ཉེན་བརྡ་ཞིག་ཡིན་པ་གསུང་གི་ཡོད་པ་རེད། དེ་ཡང་དབྱིན་ཇིའི་ལོན་ཊོན་དཔལ་འབྱོར་སློབ་གྲའི་ཞིབ་འཇུག་པ་ཞིག་གིས་གསུང་པར། འབར་མའི་གཞུང་དེ་ཡིས་ད་ལྟ་ལྕམ་ཨོང་སན་སུ་ཀི་ལ་ལྟ་སྟངས་ལེགས་པོ་འཛིན་གྱི་ཡོད་པའི་རྣམ་པ་དེར་མི་དམངས་ཀྱི་ངོས་ནས། ཁོང་ལ་རང་དབང་ཐོབ་ཡོད་པ་དང༌། ཁོང་གི་འབར་མའི་ས་ཁུལ་ཁག་ཏུ་འཚམས་འདྲིར་ཕེབས་ཏེ་ཁོང་གི་ཆབ་སྲིད་ལས་དོན་བསྐྱར་གསོ་ཐུབ་ཡོང་བསམ་པའི་རེ་བ་བྱས་ཏེ་མགོ་རྩ་བ་ནས་འཁོར་རྒྱུ་མེད་པའི་སྐོར་གསུང་ཡོད་ཅིང༌། དེ་ནི་ཁོང་ལ་ཆབ་སྲིད་ཀྱི་ལས་དོན་སྤེལ་རྒྱུར་ཚད་གཞི་ཡོད་པར་བརྟེན་ནས། དེ་རིང་ཁོང་རྒྱལ་ས་ཡང་གོན་དུ་ཕྱིར་ལོག་མ་གནང་གོང༌། གསར་འགོད་པའི་འདུ་འཛོམས་ཐོག་ལ་ད་རེས་འབར་མའི་གྲོང་གསེབ་ས་ཁུལ་ནང་འཚམས་འདྲིར་ཕེབས་པའི་སྐོར་གྱི་གནས་ཚུལ་གང་ཡང་འགྲེལ་བརྗོད་གནང་མེད་པ་རེད། ལྕམ་ཨོང་སན་སུའུ་ཀི་ནི་འདས་པའི་མི་ལོ་ཉི་ཤུའི་ནང་ནས་མང་ཆེ་བ་ནི་ཡོང་གོན་དུ་ཁོང་གི་་ཁྱིམ་ཚང་དུ་འགྲོ་བསྐྱོད་ཀྱི་རང་དབང་མེད་པར་དམ་བསྒྲཌ་འོག་བཞུགས་པ་དང། ཁོང་འབར་མའི་དྲག་པོའི་གཞུང་གིས་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་ཁྱིམ་ཚང་གི་དོ་དམ་འོག་ནས་གློད་བགྲོལ་བཏང་བའི་རྗེས་ཐེངས་དང་པོ་རྒྱལ་ས་ཡང་གོན་གྱི་ཕྱི་ཕྱོགས་སུ་འཚམས་འདྲི་ཕེབས་པ་ཡིན་ཡང་འཚམས་འདྲི་དེའི་རིང་ལ་ཆབ་སྲིད་ཀྱི་ལས་དོན་སྤེལ་རྒྱུར་ཆ་ཚང་བའི་རང་དབང་མེད་པའི་རྣམ་པ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎