བལ་ཡུལ་གཞུང་དང་མཉམ་དུ་གྲོས་མོལ་དགོས་བའི་འབོད་སྐུལ།

བལ་ཡུལ་སྲིད་བློན་མཆོག་གིས་བལ་ཡུལ་གྱི་ལོ་གསར་དང་འབྲེལ་མ་དྷེ་ཤེ་ཆབ་སྲིད་ཚོཊ་པས་གཞུང་དང་མཉམ་གྲོས་མོལ་དགོས་བའི་འབོད་སྐུལ་གནང་བ།

བལ་ཡུལ་སྲིད་བློན་KP Sharma Oliམཆོག་གིས་བལ་ཡུལ་གྱི་ལོ་གསར་དང་འབྲེལ་རྒྱལ་ཡོངས་བརྙན་འཕྲིན་ཐོག་གཏམ་བཤད། ༢༠༡༦།༤།༡༢ དྲ་བཤུས།

བལ་ཡུལ་སྲིད་བློན་མཆོག་གིས་བལ་ཡུལ་གྱི་ལོ་གསར་དང་འབྲེལ་མ་དྷེ་ཤེ་ཆབ་སྲིད་ཚོཊ་པས་གཞུང་དང་མཉམ་གྲོས་མོལ་དགོས་བའི་འབོད་སྐུལ་གནང་བ།
བལ་ཡུལ་གྱི་སྲིད་བློན་KP Sharma Oli་ཡིས་བལ་ཡུལ་ནང་གཞུང་དང་ Madhesi་ཆབ་སྲིད་ཚོགས་པ་ཁག་གི་དབར་མི་མཐུན་པའི་འགལ་ཟླ་ཡོད་པའི་དཀའ་རྙོག་རྣམས་སེལ་ཐུབ་པ་ཡོང་རྒྱུར། Madhesi་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཚོས་གཞུང་དང་མཉམ་དུ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་དེ་རིང་བལ་ཡུལ་གྱི་ལོ་གསར་འཁེལ་གྱི་ཡོད་པ་ལྟར། ལོ་གསར་པ་སླེབས་ལ་ཉེ་བའི་སྔ་ནུབ་ཏུ་། འདི་ཚེས་༡༢་ཉིན་རྒྱལ་ཡོངས་བརྙན་འཕྲིན་ཐོག་གསུང་འཕྲིན་ཞིག་གནང་བའི་ནང༌། དམངས་གཙོའི་ལམ་ལུགས་ལ་བལྟ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང༌། དེའི་ནང༌ཁ་ལོ་མེད་པ་ལྟབུའི་རང་སྣང་གང་དྲན་བྱས་ན་འགྲིག་གི་མེད་པ་ལྟར། ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ལ་ཁས་ལེན་བྱེད་ཐབས་མེད། གལ་སྲིད་ཉེ་ལམ་གཏན་འབེབས་བྱས་པའི་རྩ་ཁྲིམས་གསར་པའི་ནང་དོན་ལ་འདོད་བློ་ཁེངས་ཀྱི་མེད་པ་ཡིན་ཚེ། རྩ་ཁྲིམས་ཀྱི་ནང་དོན་དེ་དག་ལ་ལུགས་དང་མཐུན་པའི་ཐོག་ནས་བསྐྱར་བཅོས་བྱེད་ཆོག་རྒྱུ་ཡིན་ཙང༌། དེ་ལྟར་ཡོང་རྒྱུར་ Madhesi་མི་རིགས་དང་ཆབ་སྲིད་ཚོགས་པ་ཁག་གིས་སྤྱི་ཚོགས་ནང་རྙོག་ཟིང་སློང་གཞིའི་ངོ་རྒོལ་ལས་འགུལ་རྣམས་མཚམས་འཇོག་གིས། མི་མཐུན་པའི་དཀའ་རྙོག་རྣམས་སེལ་ཐུབ་པ་ཡོང་རྒྱུར་གཞུང་དང་གྲོས་མོལ་འགོ་འཛུགས་བྱེད་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་འདུག་ཀྱང༌། Madhes་དམངས་གཙོ་ཚོགས་པའི་འགོ་འཁྲིད་Mahantha Thakur་གྱིས་འདི་ཚེས་༡༡་ཉིན་གསར་འགོད་པར་བཀའ་མོལ་གནང་བའི་སྐབས། བལ་ཡུལ་གཞུང་གིས་Madhesi་མི་རིགས་རྣམས་ཀྱི་ཐོག་ཕྱོགས་ལྷུང་གི་བལྟ་ཚུལ་འཛིན་གྱི་ཡོད་པ་ལྟར། རྩ་ཁྲིམས་གསར་པའི་ནང་དུའང་Madhesi མི་རིགས་རྣམས་ལ་གཅིག་མཚུངས་ཀྱི་རང་དབང་དང་ཐོབ་ཐང་སྤྲད་མེད་པར་བརྟེན། བལ་ཡུལ་གྱི་མི་སེར་གཞན་ཚོ་དང་ཐོབ་ཐང་སྤྱི་མཚུངས་མ་སྤྲད་ཀྱི་བར་དུ་Madhesi་མི་རིགས་ཀྱི་ངོ་རྒོལ་ལས་འགུལ་མཚམས་འཇོགས་བྱེད་ཀྱི་མ་རེད་ཅེས་བཤད་ཡོད་འདུག།   

གསར་འགོད་པ་ངག་དབང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org