༧གོང་ས་མཆོག་གིས་རྒྱ་གར་སྲིད་བློན་མཱོ་དི་མཆོག་དགུང་ལོ་༧༤ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།

2024.09.17
༧གོང་ས་མཆོག་གིས་རྒྱ་གར་སྲིད་བློན་མཱོ་དི་མཆོག་དགུང་ལོ་༧༤ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ། ༸གོང་ས་མཆོག་དང་རྒྱ་གར་གྱི་སྲིད་བློན་མཱོ་དི་མཆོག
RFA

རྒྱ་གར་སྲིད་བློན་ནཱ་རེནྟྲཱི་མཱོ་དི་མཆོག ཕྱི་ཟླ་༩པའི་ཚེས་༡༧ཉིན་དགུང་ལོ་༧༤ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར་ཁེལ་ཡོད་པར་བརྟེན། བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་སྲིད་བློན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་། སྐུ་གཟུགས་ལ་འགལ་རྐྱེན་བར་ཆད་མེད་པ་སོགས་ཀྱི་ཐུགས་སྨོན་གནང་བ་དང་ཆབས་ཅིག རྒྱ་གར་གྱི་གནའ་བོའི་འཚེ་བ་མེད་པ་དང་སྙིང་རྗེའི་སྲོལ་རྒྱུན་དེས་འཛམ་གླིང་ཁྱོན་ཡོངས་སུ་མིག་དཔེ་བཟང་པོ་ཞིག་བསྟན་ཐུབ་ཡོད་ཅིང་། རྒྱལ་སྤྱིའི་ཐོག་བྱམས་སྙིང་རྗེའི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པ་མ་ཟད། རྒྱ་གར་གྱི་མང་གཙོའི་ལམ་ལུགས་བརྟན་པོ་དེས་རྒྱ་གར་ལ་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་འདིའི་ཐོག་ཞི་བདེ་དང་གྲོས་མོལ་ཡོང་བར་ཞབས་འདེགས་ཞུ་རྒྱུའི་ནུས་པ་ལྡན་ཡོད་ཅེས་དང་། གོ་སྐབས་འདིའི་བརྒྱུད་ངོས་ནས་རྒྱ་གར་གཞུང་མང་གཉིས་ནས་ངོས་དང་བོད་མི་ཡོངས་ལ་ལོ་ངོ་ ༦༥ རིང་བཙན་བྱོལ་ནང་རོགས་མགོན་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་ཞེས་འཚམས་འཕྲིན་སྩལ་གནང་མཛད་ཡོད་པ་རེད།

མཐའ་མཇུག་ཏུ་མགོན་པོ་མཆོག་གིས། སྲིད་བློན་མཆོག་སྐུ་གཟུགས་གསལ་ཐང་དང་རླབས་ཆེན་དང་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱ་གར་རྒྱལ་ཁབ་ཀྱི་མི་མང་གི་རེ་བ་དང་མངོན་འདོད་མཁྱེན་པའི་ཐོག་འཛམ་གླིང་འདིར་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུར་ཞབས་འདེགས་སྒྲུབ་པར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་གནང་ཡོད་པ་རེད།

རྒྱ་གར་BJPསྲིད་དོན་ཚོགས་པའི་ཁོངས་ནས་བདམས་ཐོན་གྱི་རྒྱ་གར་སྲིད་བློན་ནཱརེནྟྲཱ་མཱོ་དི་མཆོག་ནས། ཕྱི་ལོ་༢༠༡༤ལོ་ནས་རྒྱ་གར་སྲིད་བློན་གྱི་ཐུགས་འགན་བཞེས་ཏེ་རྒྱ་གར་སྲིད་བློན་ཁྲི་རབས་༡༤པ་དེ་ཆགས་ཡོད་ཅིང་། ཁོང་ནི་ཕྱི་ལོ་༡༩༥༠ལོར་རྒྱ་གར་ནུབ་ཕྱོགས་གུཇི་རཱ་ཏི་མངའ་སྡེའི་ནང་འཁྲུངས་ཤིང་། ཁོང་ཉིད་དེ་སྔ་གུཇི་རཱ་ཏིའི་མངའ་སྡེའི་བློན་ཆེན་ཡིན་སྐབས་༧གོང་ས་མཆོག་ལ་ཡོངས་གྲགས་མཇལ་འཕྲད་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་དགུང་ལོ་༨༧ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན། སྲིད་བློན་མཆོག་ནས་“ང་ཚོས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་སྐུའི་འཕྲོད་བཞེས་ཡག་པོ་ཡོང་བའི་སྨོན་ལམ་ཡོད་”ཅེས་ཡོངས་གྲགས་སུ་གསུངས་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎