རྒྱ་ནང་གི་དམག་གྲུ་ཞིག་ཤྲི་ལངྐའི་ཐབས་ཇུས་ཐད་གནད་འགག་ཆེ་བའི་གྲུ་གཟིངས་བབས་འཛུགས་ལ་འགྲོ་འཆར་ཡོད་པ།

2022.07.29
རྒྱ་ནང་གི་དམག་གྲུ་ཞིག་ཤྲི་ལངྐའི་ཐབས་ཇུས་ཐད་གནད་འགག་ཆེ་བའི་གྲུ་གཟིངས་བབས་འཛུགས་ལ་འགྲོ་འཆར་ཡོད་པ།
ཨེ་པི།

༄༅།།རྒྱ་ནག་གི་དམག་གྲུ་ཞིག་རྒྱ་གར་ཁྱིམ་ཚེས་རྒྱལ་ཁབ་ཤྲི་ལངྐའི་ཐབས་ཇུས་ཐད་གནད་འགག་ཆེ་བའི་གྲུ་གཟིངས་བབས་འཛུགས་སུ་འགྲོ་འཆར་ཡོད་པ་དེར་རྒྱ་གར་གཞུང་གིས་སེམས་འཚབ་ཡོད་སྐོར་གསུངས་ཏེ་ཉིན་གཅིག་གི་རྗེས་སུ་རྒྱ་གར་ཕྱི་སྲིད་བློན་ཆེན་ སུཔརཱ་མཱན་ཡམ་ ཇཡི་ཤང་ཀར་ Subrahmanyam Jaishankarདང་རྒྱ་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ཝང་ཡང་ རྣམ་པ་གཉིས་ཀ་ཕྱི་ཟླ་ ༧ ཚེས་ ༢༩ གཟའ་པ་སངས་ཉིན་དབུས་ཨེ་ཤེ་ཡའི་ཡུལ་གྲུ་ Uzbekistanནང་ཚོགས་པའི་མངའ་ཁུལ་གྱི་ཚོགས་འདུ་ཞིག་ནང་ལྷན་བཞུགས་གནང་འདུག 
རྒྱ་ནག་གིས་ཤྲི་ལངྐར་དངུལ་བུན་སྔར་གཏོང་གི་ཐོག་ནས་གྲུ་རྫིང་བབས་ཚུགས་དེ་ཕྱི་ལོ་ ༢༠༡༠ ལོར་གསར་བཟོ་བྱས་པ་དང་། རྗེས་སུ་རྒྱ་ནག་ལ་བུན་དངུལ་སྤྲོད་འཇལ་མ་ཐུབ་སྟབས། རྒྱ་ནག་གི་གཞུང་འབྲེལ་ཁེ་གཉེར་ལས་ཁང་ China Merchants Ports ཟེར་བར་གྲུ་རྫིང་བབས་ཚུགས་དེའི་བདག་དབང་བརྒྱ་ཆ་ ༧༠ བཟུང་རྒྱུའི་ཐོབ་ཐང་སྤྲད་དེ་ལོ་ ༩༩ རིང་བབས་ཚུགས་དེ་རྒྱ་ནག་ལ་བོགས་མར་བཏང་ཡོད་པ་རེད། 
རྒྱ་གར་གྱི་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་Yuan Wang 5 རྟགས་ཅན་གྱི་ཚན་རིག་ཞིབ་འཇུག་གྲུ་རྫིངས་ཤིག་འདི་ལོ་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་ཤྲི་ལངྐའི་ Hambantotaགྲུ་གཟིངས་བབས་ཚུགས་དུ་འབྱོར་རྒྱུ་ཡིན་འདུག་ཅིང་། གྲུ་རྫིངས་བབས་ཚུགས་རྒྱ་ནག་གི་དམག་མིའི་བརྟེན་གཞིར་བེད་སྤྱོད་གཏོང་སྲིད་པར་རྒྱ་གར་གཞུང་གིས་སེམས་འཚབ་ཡོད་པ་བརྗོད་འདུག གྲུ་གཟིངས་བབས་ཚུགས་དེ་ནི་ཨེ་ཤི་ཡ་ནས་ཡོ་རོབ་ལ་བསྐྱོད་རྒྱུའི་མཚོ་ལམ་གཙོ་བོ་ཞིག་ཡིན་ལ། དེར་མ་གནས་ཨ་སྒོར་ཐེར་འབུམ་༡དང་ས་ཡ་ ༨༠༠ ཙམ་བཏང་ཡོད་པ་རེད།  
རྒྱ་ནག་གཞུང་གིས་དངུལ་བུལ་སྔ་གཡར་གྱི་ཐོག་ནས་བརྒྱབ་པའི་གྲུ་རྫིངས་བབས་ཚུགས་དེར་རྒྱ་ནག་གི་ཚན་རིབ་ལས་དོན་དཔྱད་ཞིབ་བྱེད་མཁན་གྱི་གྲུ་རྫིངས་ Yuan Wang 5 ཤྲི་ལངྐར་འབྱོར་རྒྱུ་ཡིན་པའི་སྐོར་གྱི་གནས་ཚུལ་དེ་ Refinitiv Eikonཞེས་པའི་མཚོ་ཐོག་སྐྱེལ་འདྲེན་ཉམས་ཞིབ་ཀྱིས་བཏོན་པ་ཞིག་ཡིན་ཞིང་། ད་ལྟའི་དུས་སྐབས་འདི་ནི་ཤྲི་ལངྐའི་ནང་འདས་པའི་ལོ་ངོ་ ༧༠འི་ནང་འཕྲད་མྱོང་མེད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་ཧ་ཅང་ཆེན་པོ་ཕྱིན་པའི་དུས་ཚོད་ཞིག་འཁེལ་གྱི་ཡོད་པ་རེད། རྒྱ་གར་གཞུང་གིས་ཤྲི་ལངྐར་འདི་ལོ་གཅིག་པུའི་ནང་ཨ་སྒོར་ཐེར་འབུམ་ ༤ ཙམ་གྱི་རོགས་སྐྱོར་གནང་ཡོད་འདུག
 བདེ་འཇགས་སྲུང་སྐྱོབ་དབྱེ་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གི་Yuan Wang 5 རྟགས་ཅན་གྱི་དཔྱད་ཞིབ་ཀྱི་གྲུ་རྫིངས་དེ་ནི་རྒྱ་ནག་གི་དེང་དུས་དམག་གྲུ་གསར་ཤོས་དེ་ཡིན་པ་དང་དེ་ཡིས་རྒྱུ་སྐར་དང་མེ་ཤུགས་འཕུར་མདེལ་རྟོག་ཞིབ་ཆེད་དང་། གླིང་ཕྲན་གཅིག་ནས་གཞན་ལ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་འཕེན་ས་སོགས་ཀྱི་ཆེད་བེད་སྤྱོད་བྱེད་པའི་ནུས་ཡོད་པ་བརྗོད་ཡོད་པ་རེད། 
གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་Arindam Bagchiལགས་ཀྱིས་རྒྱ་མིའི་གྲུ་རྫིངས་དེ་ཤྲི་ལངྐའི་གྲུ་གཟིངས་བབས་ཚུགས་སུ་བསྐྱོད་འཆར་ཡོད་པའི་གནད་དོན་ལ་རྟོག་ཞིབ་གནང་གི་ཡོད་སྐོར་བརྗོད་ཡོད་ན་ཡང་། རྒྱ་གར་གྱི་ཕྱི་སྲིད་བློན་ སུཔརཱ་མཱན་ཡམ་ ཇཡི་ཤང་ཀར་ Subrahmanyam Jaishankarདང་རྒྱ་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ཝང་ཡང་གཉིས་Uzbekistan གྱི་རྒྱལ་ས་Tashkentནང་ཚོགས་པའི་ཧྲང་ཧད་མཉམ་མཐུན་གྱི་ཚོགས་འདུའི་ཐོག་ཟུར་མཇལ་གནང་མིན་གང་ཡང་གསུངས་མེད་པ་རེད།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎