ཡ་ཆེན་སྒར་རུ་གཏོར་བཤིག་དང་དམ་དྲག


2017.04.13
ཡ་ཆེན་སྒར་རུ་གཏོར་བཤིག་དང་དམ་དྲག། རྒྱ་ནག་གཞུང་ཕྱོགས་ནས་ཁམས་དཔལ་ཡུལ་ཁུལ་ཡ་ཆེན་སྒར་རུ་ཆོས་བྱེད་པ་རྣམས་ཀྱི་སྡོད་གནས་སྦྲ་གུར་གཏོར་བཤིག་གཏོང་བཞིན་ཡོད་འདུག
བོད་ནས་བཏང་འབྱོར།

འདི་ག་རླུང་ཕྲིན་ཁང་དུ་དཔལ་ཡུལ་རྫོང་ཡ་ཆེན་དགོན་པ་བདག་གཉེར་ཁང་གིས་བཏང་བའི་བརྡ་ཐོ་ཞིག་འབྱོར་བའི་ནང་འཁོད་དོན། ཡིད་དུ་འོང་ཞིང་འཆམ་མཐུན་གྱི་ཡ་ཆེན་འཛུགས་སྐྲུན་བྱེད་རྒྱུ་ནི་ང་ཚོ་ཐུན་མོང་གི་རེ་འདུན་དང་  དེར་བརྟེན་གནས་སྐབས་ཕུབ་པའི་སྦྲ་གུར་གྱིས་ཡ་ཆེན་དགོན་ཚད་དང་མཐུན་པའི་བདག་སྐྱོང་ལ་གནོད་པ་ཆེན་པོ་བྱས་འདུག་པས།  ང་ཚོ་ཐུན་མོང་གི་ཁྱིམ་གཞིས་ཀྱི་ཆེད་དུ་ཕྱི་ཟླ་བཞི་པའི་ཚེས་༡༠གོང་རང་ཉིད་གིས་སྦྲ་གུར་རྣམས་བཤིག་དགོས་པ་དང་།  གལ་ཏེ་ལག་བསྟར་མ་བྱས་ཚེ་བདག་གཉེར་ལས་ཁང་གིས་ཡ་ཆེན་དགོན་བདག་རྣམས་དང་ལྷན་དུ་ཁྲིམས་ལྟར་སྦྲ་གུར་མེད་པ་བཟོ་རྒྱུ་ཡིན་ལུགས་བཀོད་འདུག   བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འགྲེལ་བརྗོད་རྒྱ་ནག་གཞུང་གིས་སེར་རྟ་བླ་རུང་ཆོས་སྒར་དུ་གྲྭ་བཤག་གཏོར་བཤིག་གཏོང་བཞིན་པ་མ་ཟད།  ད་ཆ་རྒྱ་ནག་གཞུང་གི་བཙན་གནོན་འོག་ཡ་ཆེན་ཆོས་སྒར་དུ་ཡང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་དང་།  དཔེར་ན་དད་ལྡན་མང་ཚོགས་ཁག་ཅིག་ཡ་ཆེན་དགོན་དུ་ཆོས་མཇལ་དང་སྦྲགས་ལོ་གཅིག་དང་ཟླ་བ་དྲུག་ཙམ་སོ་སོར་སྦྲ་གུར་རྒྱབ་ནས་ཆོས་འཇལ་དང་བསྐོར་བ་བསོག་པ་སོགས་བྱེད་སྲོལ་ཡོད་པ་དང་། ཡིན་ནའང༌གཞུང་ཕྱོགས་ནས་ཆོས་དད་པ་དེ་ཚོ་སྡོད་སའི་སྦྲ་གུར་༢༠༠ལྷག་ཙམ་གཏོར་བཤིག་བཏང་ནས་ཁོང་ཚོ་དགོན་པའི་ནང་འདོད་མི་ཆོག་པ་བརྗོད་ནས་ཕྱིར་འབུད་བཏང་ཡོད་པ་དང་།  མི་མང་པོས་ཡ་ཆེན་དགོན་དུ་འགུལ་སྐྱོད་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་བརྗོད་ནས་དགོན་པའི་དགེ་བཙུན་དང་ས་གནས་མི་མང་ཚོས་སེམས་ཚབ་ཆེན་པོ་བྱེད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག    
གསར་འགོད་པ་འཆི་མེད་དང་ཀུན་བཟང་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎