རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་བར་མཚོ་གླིང་བདག་དབང་གི་རྩོད་རྙོག་ཆེ་རུ་འགྲོ་བཞིན་པའི་སྐབས་ཨ་མི་རི་ཀ་དང་ཧྥེ་ལེ་པིན་གཉིས་ཀྱི་དམག་སྦྱོང་བྱས་འདུག
དེ་ཡང་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་གི་བདག་དབང་ཐད་རྩོད་རྙོག་ཆེ་རུ་འགྲོ་བཞིན་ཡོད་པའི་སྐབས་འདིར་ཚེས༩ཉིན་ཨ་མེ་རི་ཀ་དང་ཧྥེ་ལེ་པིན་གྱི་མཚོ་དམག་༥༥༠༠་ལྷག་གིས་ཁུལ་དེར་དམག་རྩལ་སྦྱོང་བརྡར་འགོ་ཚུཊ་ཡོད་པ་དང་། ཨ་མི་རི་ཀ་དང་ཧྥེ་ལེ་པིན་གཉིས་ཀྱི་མཚོ་དམག་གི་སྦྱོང་བརྡར་དེ་ནི་ལོ་འཁོར་གྱི་དམག་རྩལ་སྦྱོང་བརྡར་གྱི་ཆ་ཤས་ཡིན་པ་དང་། དེ་ནི་རྩོད་རྙོག་ཅན་གྱི་ཝེཏ་ནམ་གྱི་མཚོ་ཁའི་ཉེ་འགྲམ་དུ་རྒྱ་ནག་གི་རྒྱ་མཚོའི་གཏིང་ནས་རྡོ་སྣུམ་འདོན་རྒྱུའི་ཡོ་ཆས་འཁྱེར་བའི་གྲུ་གཟིངས་ཞིག་གིས་ཝེཏ་ནམ་གྱི་གྲུ་གཟིངས་ལ་བཙན་རྒོལ་བྱས་སྐོར་ནག་ཉེས་འཛུཊ་བྱས་པའི་རྗེས་སུ་བྱུང་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་རྒྱ་ནག་གི་གྲུ་གཟིངས་ཁག་ལ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གྲུ་གཟིངས་ཀྱིས་ཚུར་རྒོལ་ཡང་སེ་བྱེད་ཀྱི་ཡོད་ལུཊ་བཤད་པ་སོགས་ཕན་ཚུན་སྐྱོན་འཛུཊ་བྱེད་རེས་བྱེད་པ་དེས་ཉི་ཧོང་དང་། ཨ་མི་རི་ཀ དེ་བཞིན་ཡོ་རོབ་མཐུན་ཚོཊ་སོགས་ཀྱིས་ཁུལ་དེའི་བདེ་འཇཊ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་སེམས་འཚབ་ཆེན་པོ་གནང་གི་ཡོད་པ་རེད།
ཚེས༩ཉིན་ནས་འགོ་བཙུཊ་པའི་ཨ་མི་རི་ཀ་དང་ཧྥེ་ལེ་པིན་མཚོ་དམག་གི་དམག་རྩལ་སྦྱོང་བརྡར་དེའི་ནང་ཡུལ་གྲུ་གཉིས་ཀྱི་མཚོ་དམག་ཁྱོན་བསྡོམས་༥༥༠༠་ལྷག་ཙམ་མཉམ་ཞུགས་བྱས་འདུག ཨ་རིའི་མཚོ་དམག་གི་མགྲིན་ཚབ་Jeremy Scheierལགས་སུ་ཕ་རན་སིའི་གསར་ལས་ཁང་གིས་བཅར་འདྲིའི་སྐབས། ད་ཐེངས་ཀྱི་དམག་སྦྱོང་དེ་དམིགས་བསལ་ཁ གཏད་ས་དེ་འདྲ་མེད་ལུགས་གསུངས་འདུག ཡང་ཧྥེ་ལེ་པིན་གྱི་ཕྱི་འབྲེལ་དྲུང་ཆེ་Rosari མཆོག་གིས་ད་རེས་ཀྱི་དམག་སྦྱོང་དེ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་རྙོག་ཁག་ལ་གདོང་ལེན་བྱ་རྒྱུའི་ཐད་ཧྥེ་ལེ་པིན་གྱི་མཚོ་དམག་ནུས་ཤུཊ་གོང་འཕེལ་གཏོང་ཐབས་ལ་དམིཊ་པ་ཞིག་ཡིན་ལུཌ་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ་བསོད་ནམ་ལྷ་མོ།