བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་བ་གཉིས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝ་ཁུལ་དུ་འབྱོར་འདུག

2022.06.21
བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་བ་གཉིས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝ་ཁུལ་དུ་འབྱོར་འདུག ཁེ་ཎ་ཌའི་ནང་གཞོན་སྐྱེས་གཉིས་ཀྱིས་བོད་དོན་ཆེད་ཞི་བའི་གོམ་བགྲོད་གནང་སྐབས། ༠༦།༡༦།༢༠༢༢
མཐུན་འགྱུར་པར་རིས།

ཁེ་ཎ་ཌའི་ནང་གནས་བཞུགས་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་དང་ཨ་རིའི་མེ་ནེ་སོ་ཌར་གནས་བཞུགས་བོད་དོན་ལས་འགུལ་བ་རབ་དགའ་ལགས་གཉིས་ཀྱིས་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་(St. George)་རུ་ཡོད་པའི་རྒྱ་ནག་གཞུང་གི་ཚོང་འབྲེལ་དོན་གཅོད་ལས་ཁུངས་མདུན་ནས་རྒྱལ་ས་ཨོ་ཏྲ་ཝ་བར་ཞི་བའི་གོམ་བགྲོད་གནང་ནས། འདི་ཟླའི་ཚེས་༢༠ཉིན་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝ་ཁུལ་དུ་བདེ་འབྱོར་བྱུང་ཡོད་པ་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་ངོ་སྤྲོད་གནང་བྱུང་།
ཁོང་གཉིས་ཀྱིས་ཉིན་གྲངས་བཅུ་ལྷག་ཙམ་ཞིག་གི་རིང་ཁེ་ཎ་ཌའི་ནང་བོད་དོན་ཞི་བའི་གོམ་བགྲོད་གནང་ནས་ས་གནས་ཁག་དུ་བོད་དོན་ཐོག་རྒྱབ་སྐྱོར་དགོས་པའི་ཡིག་ཆ་ཡུལ་མི་ཚོར་བཀྲམ་པ་དང་། ཚོགས་སྡེ་དང་ཁྱིམ་ཚང་ཁག་གི་ཡིག་སྒམ་ནང་དུ་བླུགས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ད་བར་བོད་ནང་དུ་བོད་མི་མང་པོས་རང་ལུས་མེ་སྲེག་བཏང་བའི་གནས་སྟངས། ཁོང་རྣམ་པ་གཉིས་ཀྱི་བོད་དོན་ཆེད་དགོས་འདུན་དོན་ཚན་ཁག་ལྔ་དང་འབྲེལ་བའི་ཐོག་ངོ་སྤྲོད་དང་རྒྱབ་སྐྱོར་དགོས་པ་སོགས་ཀྱི་གོ་རྟོགས་སྤེལ་ཡོད་པ་དང་། དེར་ཨོན་ཏྲེ་རི་ཡོ་མངའ་སྡེའི་ཁུལ་དུ་གནད་སྡོད་བོད་མིའི་ཚོགས་སྐྱིད་དང་སྒེར་བཅས་ཀྱིས་རྒྱབ་སྐྱོར་ཡག་པོ་གནང་བ་གསུངས་བྱུང་།
ཁོང་རྣམ་པ་གཉིས་ཀྱིས་གོམ་བགྲོད་ལས་འགུལ་དང་འབྲེལ་བོད་དོན་ཆེད་དགོས་འདུན་དོན་ཚན་ལྔ་བཏོན་བཞིན་པ་ནི། ༧གོང་ས་མཆོག་བོད་ནང་ཆིབས་བསྒྱུར་གནང་ཐུབ་ཐབས་དང་། བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་དགོས་བ། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་དམ་དྲག་གི་སྲིད་ཇུས་མཚམས་འཇོག་དགོས་བ་དང་། ཁེ་ཎ་ཌའི་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་དེ་དག་མཚམས་འཇོག་ཡོང་ཐབས་ལ་རྒྱབ་སྐྱོར་དགོས་པ་བཅས་ཡིན་པ་རེད།

གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎