སྒྲིག་འཛུགས་དང་ཕ་མ། དགེ་རྒན་བཅས་ཚང་མས་ཐོུང་གིས་འགན་འཁུར་དགོས། སྲིད་སྐྱོང་མཆོག་གིས།


2019.02.28
ཕ་མའི་ཚོགས་ཆེན་སྐབས། ༢༠༡༩།༢།༢༨ ཕ་མའི་ཚོགས་ཆེན་སྐབས། ༢༠༡༩།༢།༢༨
RFA

ཤེས་ཡོན་ཡར་རྒྱས་ཆེད་འཛིན་སྐྱོང་དང་སློབ་དགེ་ཕ་མ་བཅས་ཚང་མར་འགན་ཡོད་པ་སྲིད་སྐྱོང་མཆོག་གིས་ཕ་མའི་ཚོགས་ཆེན་སྐབས་གསུངས་འདུག
ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་དེ་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་ ༢ ཚེས་ ༢༨ ནས་ ་ཕྱི་ཟླ་ ༣ ཚེས་ ༡ བར་ཉིན་གྲངས་གཉིས་རིང་བསྐོང་ཚོགས་གནང་བཞིན་ཡོད་ཅིང་།  སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་།  ཤེས་ཡོན་ཡར་རྒྱས་དང་ཚགས་ཚུད་གཏོང་ཆེད་འཛུབ་མོ་ལྔའི་དཔེ་བཞིན་བོད་མིའི་སྒྲིག་འཛུགས་དང་། སློབ་གྲྭའི་སློབ་སྤྱི་དང་དགེ་ལས་ཚོ། དེ་བཞིན་སློབ་ཕྲུག་དང་ཕ་མ་བཅས་ཚང་མས་ཐོུང་གིས་འགན་འཁུར་རྒྱུ་གལ་ཆེན་ཡིན་པ་གསུངས་ཡོད་པ་རེད།
ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཕ་མའི་ཚོགས་ཆུང་དེ་སློབ་གྲྭ་དང་ཤེས་རིག་ལས་ཁུངས་བར་ཟམ་པ་ལྟ་བུ་ཆགས་ཡོད་སྟབས།  སློབ་གྲྭ་ཁག་དང་ཕ་མའི་ཚོགས་ཆུང་དབར་གྱི་འབྲེལ་ལམ་ཡག་པོ་དགོས་པ་དང་། ཕ་མ་ཚོ་ནི་མང་ཆེ་བ་ཤེས་ཡོན་ལྡན་པ་ཆགས་ཡོད་སྟབས་འགན་འཁུར་འཕར་བ་ལེན་ཐུབ་པའི་དམིགས་ཚད་བཟུང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།  ཤེས་རིག་བཀའ་བློན་མཆོག་གིས། ཕ་མ་ཚོས་ཕྲུག་གུར་བྱམས་བརྩེ་ལྡན་པའི་ཐོག་བསམ་སྤྱོད་ཀྱི་རང་དབང་དང་གཞན་ཕན་གྱི་བསམ་བློའི་གོམས་གཤིས་ལྡན་བཟོ་ཐབས་གནང་དགོས་པར་མ་ཟད་། སྐད་ཡིག་རིག་གཞུང་ཐོག་ཕ་མ་རང་ཉིད་ཀྱི་ཀུན་སྤྱོད་ཀྱི་མིག་དཔེ་བཟང་པོ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད།
༢༠༡༥་ལོར་ཚོགས་པའི་ཚོགས་ཆེན་དང་པོའི་ཐོག་ས་གནས་ཁག་༤༣ ནས་ཚོགས་བཅར་བ་གྲངས་༢༥༠ ནས་མཉམ་བཞུགས་གནང་ཡོད་འདུག་ཀྱང་དེ་རེས་ཀྱི་ཚོགས་ཆེན་འདི་ཐོག་སྡེ་ཁག་བརྒྱད་ཀྱི་ཁོངས་ནས་ཚོགས་བཅར་བ་༡༣༠ མ་གཏོགས་ཚོགས་བཅར་ཞུས་མེད་པ་རེད། ཐེངས་འདའི་ཚོགས་འདུའི་ཐོག་ཚོགས་བཅར་བ་ཚོ་ཚོགས་ཆུང་སོ་སོར་ཆ་བགོས་ཀྱི་ཤེས་ཡོན་ཡར་རྒྱས་ཐད་ལ་ཕ་མའི་འགན་འཁུར་གནང་ཕྱོགས་དང་དགེ་རྒན་ཕ་མའི་ཚོགས་ཆུང་གི་རྩ་འཛིནལམ་སྟོན་ལག་བསྟར་ཚགས་ཚུད་གཏོང་ཕྱོགས་ཇི་དགའི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎