པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་རྫོགས་རྗེས་དྲན་བོད་ཀྱི་གདན་ས་བཀྲིས་ལྷུན་པོར་ཚོགས་ཡོད་པ།


2018.12.29
པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་རྫོགས་རྗེས་དྲན་བོད་ཀྱི་གདན་ས་བཀྲིས་ལྷུན་པོར་ཚོགས་ཡོད་པ། པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་༣༠འཁོར་བའི་དགོངས་རྫོགས་རྗེས་དྲན་བོད་ཀྱི་གདན་ས་བཀྲིས་ལྷུན་པོར་ཚོགས་པའི་ཡོད་པ།
ལྷ་ས་བསོད་ནམས་ཀྱི་ངོ་དེབ།

༄༅། །པན་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་བོད་ས་སྦྲུལ་ཕྱི་ལོ་༡༩༨༩ ལོའི་སྤྱི་ཟླ་དང་པོའི་ཚེས༩ཉིན་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་བཞུགས་མཛད་པའི་སྐབས་གློ་བུར་དུ་ཟླ་བ་དེའི་ཕྱི་ཚེས་༢༨ཉིན་གཞིས་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་གཞན་དོན་དུ་གཤེགས་པ་ནས་ལོ་ངོ་གསུམ་བཅུ་འཁོར་བཞིན་ཡོད་པར་བརྟེན། བོད་ཕྱི་ནང་གང་སར་དགོངས་རྫོགས་ཀྱི་རྗེས་དྲན་ཞུ་བཞིན་ཡོད་པའི་ཁོངས་ནས་བོད་ནས་གནས་ཚུལ་ཐོན་པ་དང་འདྲ་པར་བཏོན་པའི་ནང་། བོད་ཀྱི་གཞིས་ཀ་རྩེར་ཆགས་པའི་པན་ཆེན་རིན་པོ་ཆེའི་གདན་ས་བཀྲིས་ལྷུན་པོར་དགེ་འདུན་པས་ཕྱི་ཟླ་ ༡༢ ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་པན་ཆེན་རིན་པོ་ཆེ་དགོང་རྫོགས་ཀྱི་སྨོན་ལམ་ཚོགས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་གནས་ཚུལ་ཡོད་པ་དང་།
ད་དུང་གདན་ས་བཀྲིས་ལྷུན་པོའི་ནང་ཡིག་གཟུགས་འདྲ་མིན་དང་། སྐུ་པར། ཐང་ཀ་དང་རི་མོ་སོགས་ཀྱི་འགྲེམས་སྟོན་རྒྱ་ཆེ་གོ་སྒྲིག་ཞུས་ཡོད་པ་དང་། དེ་དག་ནི་བོད་ཀྱི་ཡིག་གཟུགས་མཁས་པ་དང་། དེང་དུས་ཀྱི་རི་མོ་མཁས་ཅན། བཀྲིས་ལྷུན་པོའི་དགོན་གྱི་དབུ་མཛད་གཞོན་པ་དགེ་བཤེས་ཁལ་ཁ་བློ་བཟང་རྒྱལ་མཚན་མཆོག་གིས་༧པཎ་ཆེན་རིན་པོ་ཆེའི་སྐུ་ཚེ་ཧྲིལ་པོའི་ལོ་རྒྱུས་དང་། བོད་མི་རིགས་ཀྱི་ཆེད་དུ་དགོངས་པ་རྫོགས་པའི་མཛད་རྗེས་ལ་རྗེས་དྲན་ཞུས་ཤིང་། དམིགས་བསལ་བོད་ཀྱི་ཡིག་རིགས་བརྒྱ་དང་བཅུ་ལྷག་དང་། ལེགས་སྦྱར་གྱི་ཡིག་གེ་དང་། རྒྱ་ཡིག་རིགས། དབྱིན་ཡིག སོག་ཡིག བོད་ལུགས་ཐང་གཟུགས་རི་མོ། ནུབ་ཕྱོགས་ལུགས་ཀྱི་འབུར་འདོན་རི་མོ་ལ་སོགས་པ་བརྩམས་བྱ་སྣ་མང་ཕུན་སུམ་ཚོགས་པའི་འགྲེམ་སྟོན་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆགས་པའི་གདན་ས་བཀྲིས་ལྷུན་པོས་ཕྱི་ཟླ་༡༢ པའི་ཚེས་༢༨ ཉིན་གནས་མཆོག་རྡོ་རྗེ་གདན་དུ་པན་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་ངོ་༣༠ འཁོར་བའི་ཆོས་འབུལ་གོ་སྒྲིག་ཞུས་པའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་དང་དཔལ་ས་སྐྱ་ཁྲི་འཛིན་༤༢ པ་མཆོག་ དགའ་ལྡན་ཁྲི་ཟུར་རིན་པོ་མཆོག་སོགས་བླ་ཆེན་ཁག་དབུ་ཞུགས་ཐོག་དད་ལྡན་མང་ཚོགས་སྟོང་ཕྲག་མང་པོ་མཉམ་ཞུགས་གནང་ཡོད་པ་དང་། གཞན་ཡང་ཕྱི་ཟླ་དང་པོའི་ཚེས་༢༦ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་པན་ཆེན་རིན་པོ་ཆེ་རྗེས་དྲན་གྱི་ཚོགས་འདུ་ཞིག་སྐོང་ཚོགས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎