ཆབ་སྲིད་བཙོན་ཟུར་གྲཊ་ཅན་རྒན་དཔལ་ལྡན་རྒྱ་མཚོ་མཆོག་བཞུགས་སྒར་དུ་སྐུ་གྲོངས་འདུག


2018.11.30
བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་རྒན་དཔལ་ལྡན་རྒྱ་མཚོ་མཆོག བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་རྒན་དཔལ་ལྡན་རྒྱ་མཚོ་མཆོག
པར་ཚགས།

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་རྒན་དཔལ་ལྡན་རྒྱ་མཚོ་མཆོག་དགུང་ལོ་༨༧སྟེང་བཞུགས་སྒར་དུ་སྐུ་གྲོངས་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གི་བཙོན་ཁང་དུ་མི་ལོ་༣༣རིང་བཞུགས་མྱོང་ཡོད་པ། བོད་ཀྱི་ཆབ་སྲིད་་བཙོན་ཟུར་གྲགས་ཅན་རྒན་དཔལ་ལྡན་རྒྱ་མཚོ་མཆོག་མཆིན་པའི་སྐྲན་ནད་ཀྱིས་ཡུན་རིང་མནར་ཏེ་ཀིརྟི་དགོན་དུ་བཞུགས་ཡོད་ཀྱང་བླ་སྨན་པ་ཚེ་བརྟན་ལགས་ཀྱི་བཀའ་བཀོད་གནང་བ་གཞིར་བཟུང་། ཀིརྟི་གྲྭ་ཚང་ནས་བདེ་ལེགས་སྨན་ཁང་དུ་སྤོས་ཏེ་ཉིན་ཤས་རིང་བཞུགས་ཡོད་ཀྱང་སྤྱི་ལོ་༢༠༡༨ཟླ་བ་༡༡པའི་ཚེས་པ་༣༠ཉིན། བཞུགས་སྒར་བདེ་ལེགས་སྨན་ཁང་དུ་སྐུ་གྲོངས་ཡོད་པ་དང་། རྒན་ཁོང་གྲོངས་ཁར་ཕྱག་གཉིས་ཐལ་མོ་སྦྱར་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལ་མཇལ་བཞིན། གསོལ་འདེབས་སྨོན་ལམ་དང་བཅས་ཏེ་སྐུ་གྲོངས་ཡོད་ཅིང་། རྒན་ཁོང་མ་གྲོངས་པའི་སྔོན་ཙམ་དེར་ཁོང་གི་རྩ་བའི་བླ་མར་བརྩིས་གནང་གི་ཡོད་པ། རྒན་རིག་འཛིན་བསྟན་པ་མཆོག་གི་ཡང་སྲིད་རིན་པོ་ཆེ་དངོས་སུ་ཕེབས་ཏེ་མཇལ་ཁ་གནང་ཡོད་པ་བཅས་ཀིརྟི་དགོན་པའི་དགེ་བཤེས་དཀོན་མེ་མཆོག་ནས་ངོ་སྤྲོད་གནང་གི་འདུག
རྒན་དཔལ་ལྡན་རྒྱ་མཚོ་ལགས་ནི་སྤྱི་ལོ་༡༩༣༣ལོར་གཙང་གཞིས་ཀ་རྩེའི་པ་སྣམ་ཡུལ་དུ་སྐྱེས་པ་དང་། སྤྱི་ལོ་༡༩༥༩ལོར་རྒྱ་ནག་གི་བཙན་་འཛུལ་ལ་ཕར་རྒོལ་ཆེད་སེར་དམག་ནང་ཞུགས་པས། རྒྱ་ནག་གཞུང་གིས་ཁོང་མི་ལོ་༣༣རིང་བཙོན་འཇུག་མནར་གཅོད་བཏང་བས་ཁོང་ལ་ཡུན་རིང་ནས་མཆིན་པའི་ན་ཚ་ཚབས་ཆེན་ཕོག་ཡོད་པ་རེད། ཕྱི་ལོ་༡༩༩༢ལོར་བཙོན་གྲོལ་ཐོབ་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པ་ནས་བཟུང་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་དྲིལ་བསྒྲགས་དང་། སི་པན་ཁྲིམས་ཁང་ལ་བོད་དོན་ཞུ་གཏུགས་གནང་བ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་འདྲ་ནས་རང་དབང་གི་གཟེངས་རྟགས་ཀྱང་ཕུལ་མྱོང་ཡོད་པ་རེད།

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎