བལ་ཡུལ་སྐྱབས་བཅོལ་བ་གཞིས་སྤོ་བྱ་རྒྱུའི་འཆར་གཞི།

བལ་ཡུལ་ནང་ཡོད་པའི་འབྲུག་པའི་སྐྱབས་བཅོལ་བ་མི་གྲངས་གསུམ་ཁྲི་དྲུག་སྟོང་ཙམ་རྒྱལ་ཁབ་གསུམ་པ་ཞིག་ནང་གཞིས་སྤོ་བྱ་རྒྱུའི་འཆར་གཞི།

༄༅༎བལ་ཡུལ་ནང་ཡོད་པའི་འབྲུག་པའི་སྐྱབས་བཅོལ་བ་མི་གྲངས་གསུམ་ཁྲི་དྲུག་སྟོང་ཙམ་རྒྱལ་ཁབ་གསུམ་པ་ཞིག་ནང་གཞིས་སྤོ་བྱ་རྒྱུའི་འཆར་གཞི་ཡོད་ལུགས་བལ་ཡུལ་གྱི་ནང་སྲིད་ལས་ཁུངས་ནས་གསུངས་བཞག

དེ་ཡང་བལ་ཡུལ་གྱི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕར་ལརྡ་པོ་ཀ་རེལ་ཞུ་བས་གསུང་པར་གཞིགས་ན་ འབྲུག་པ་སྐྱབས་བཅོལ་བ་རྒྱལ་ཁབ་གསུམ་པ་ཞིག་ནང་གཞིས་སྤོས་བྱ་རྒྱུའི་ལས་འཆར་གཞིར་བཟུང་ཉེ་ཆར་སྐྱབས་བཅོལ་བ་མི་གྲངས་༨༢དབྱིན་ཡུལ་ནང་གཞིས་སྤས་བྱས་ཟིན་བཞག

བལ་ཡུལ་ནང་ཡོད་པའི་འབྲུག་པ་སྐྱབས་བཅོལ་བ་དེ་དག་བལ་ཡུལ་ནང་གཏན་སྡོད་བྱ་རྒྱུར་བལ་ཡུལ་གཞུང་གིས་བཀའ་འཁྲོད་གནང་གི་མེད་པའི་ཐོག་ འབྲུག་གཞུང་གིས་ཀྱང་སྐྱབས་བཅོལ་བ་དེ་དག་ཕྱིར་བཞེས་གནང་གི་མེད་པ་རེད། འོན་ཀྱང་བལ་ཡུལ་གཞུང་གིས་འབྲུག་པ་སྐྱབས་བཅོལ་བ་དེ་དག་རྒྱལ་ཁབ་གསུམ་པ་ཞིག་ནང་གཞིས་ཆགས་སུ་གཏོང་རྒྱུར་མཐུན་འགྱུར་གནང་གི་ཡོད་འདུག ད་བར་ཨ་མི་རི་ཀ་དང་ཁེ་ན་ཌ་ ཨོ་སི་ཀྲོ་ལི་ཡ་ ནོར་ལྦེ་ ནིའུ་ཛི་ལེན་ཌི་ ཌེན་མཀ་ ནེ་དར་ལེན་ཌི་བཅས་རྒྱལ་ཁབ་བདུན་གྱིས་འབྲུག་པ་སྐྱབས་བཅོལ་བ་མང་པོ་ཞིག་གཞིས་ཆགས་སུ་ལེན་ཟིན་པ་དང་ ད་ཆ་དབྱིན་ཡུལ་ནས་ཀྱང་ལེན་ཡག་འགོ་འཛུགས་གནང་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་༩པའི་ཚེས་༣༠བར་བལ་ཡུལ་ནང་ཡོད་པའི་འབྲུག་པ་སྐྱབས་བཅོལ་བ་མི་གྲངས་༣༦༦༡༨ཙམ་ཕྱི་རྒྱལ་དུ་གཞིས་ཆགས་སུ་བཏང་ཟིན་ལུགས་བལ་ཡུལ་ནང་སྲིད་ལས་ཁུངས་ཀྱིས་གསུངས་བཞག

ད་དུང་བལ་ཡུལ་ཤར་ཕྱོགས་ཁུལ་འབྲུག་པ་སྐྱབས་བཅོལ་བ་མི་གྲངས་ཁྲི་བདུན་ལྷག་འཕྲལ་སེལ་སྡོད་སྒར་མང་པོ་ཞིག་ནང་གནས་བཞིན་ཡིན་པ་དང་སྐྱབས་བཅོལ་བ་དེ་དག་ཀྱང་རིམ་པས་རྒྱལ་ཁབ་གསུམ་པ་ཞིག་ནང་གཞིས་ཆགས་སུ་གཏོང་ཐབས་གནང་རྒྱུ་ཡིན་ལུགས་བལ་ཡུལ་གྱི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་པོཀ་རེལ་གྱིས་གསུངས་བཞག།