༄༅༎ཉེ་ཆར་ཐའེ་ལེནྡ་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཐོག་ཕམ་ཉེས་བྱུང་བའི་ཐའེ་ལེནྡ་སྲིད་བློན་ཨ་བི་སིཏ་ལྦེཇ་ཇ་ཇི་ལྦ་མཆོག་ཡུལ་དེའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་དུ་ཁ་ས་རེས་གཟའ་སྤེན་པའི་ཉིན་འདེམས་ཐོན་བྱུང་འདུག
ད་ལམ་ཕྱི་ཟླ་བདུན་པའི་ཚེས་གསུམ་ཉིན་ཐའེ་ལེནྡ་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ལྕམ་ཡིན་ལཀ་ཤི་ན་ལྦ་ཏྲ་ཞུ་བར་རྒྱལ་ཁབ་ཀྱི་སྲིད་བློན་དུ་འདེམས་ཐོན་བྱུང་ནས་ད་ལྟའི་ཐའེ་ལེནྡ་སྲིད་བློན་ཨ་བི་སིཏ་ལྦེཇ་ཇ་ཇི་ལྦ་མཆོག་ལ་འོས་ཤོག་ཕམ་ཉེས་བྱུང་ཡོད་པ་རེད། མཐའ་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གྲུབ་འབྲས་ནང་ལྕམ་ཡིན་ལཀ་མཆོག་གིས་སྣེ་ཁྲིད་གནང་བའི་པུཨེ་ཐའེ་ཆབ་སྲིད་ཚོགས་པར་གྲོས་ཚོགས་ཀྱི་ཞབས་སྟེགས་ལྔ་བརྒྱ་ཐམས་པ་ཡོད་པ་ནས་ཞབས་སྟེགས་༢༩༦་རྒྱལ་ཁ་ཐོབ་ནས་ད་ཆ་ཁོང་ཐའེ་ལེནྡ་སྲིད་བློན་གསར་པར་རྒྱལ་ཁ་ཐོབ་གནང་སྟེ་བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བའི་ཕྱི་དྲོ་སྲིད་བློན་གྱི་དམ་འབུལ་གནང་རྒྱུ་ཡིན་པ་གཞུང་འབྲེལ་གསལ་སྟོན་གནང་ཡོད་པ་རེད།
ད་ཆའི་ཐའེ་ལེནྡ་གྱི་སྲིད་བློན་ཨ་བི་སིཏ་ལྦེཇ་ཇ་ཇི་ལྦ་མཆོག་ནི་ཕྱི་ལོ་༢༠༠༨ལོ་ནས་བཟུང་ཟླ་བ་སྔོན་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་བསྐྱར་དུ་འོས་བསྡུ་གནང་བའི་ཐོག་ཕམ་ཉེས་མ་བྱུང་བར་ཐའེ་ལེནྡ་སྲིད་བློན་གྱི་ཐུགས་འགན་བཞེས་གནང་ཡོད་པ་དང་། དེ་རིང་རེས་གཟའ་སྤེན་པ་ནས་བཟུང་སྲིད་བློན་ཨ་བི་སིཏ་མཆོག་ཐའེ་ལེནྡ་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་དུ་འདེམས་ཐོན་བྱུང་ཡོད་པ་རེད༎