རྒྱ་གར་ནང་པོ་ལིའོ་ནད་གཞི་རྩ་མེད་བཟོ་ཐུབ་པའི་རེ་བ།

རྒྱ་གར་གཞུང་གིས་རྒྱ་གར་ནང་པོའོ་ལི་ཡོ་ཞེས་བྱིས་པའི་རྩ་གཞི་སྦྲིད་ནད་རྩ་མེད་བཟོ་ཐུབ་པ་གནང་རྒྱུའི་རེ་བ་ཡོད་སྐོར་གསུངས་འདུག

༄༅༎རྒྱ་གར་གཞུང་གི་དཔོན་རིགས་རྣམས་ཀྱིས་རྒྱ་གར་ནང་པོའོ་ལི་ཡོ་ཞེས་བྱིས་པའི་རྩ་གཞི་སྦྲིད་ནད་རྩ་མེད་བཟོ་ཐུབ་པ་གནང་རྒྱུའི་རེ་བ་ཡོད་སྐོར་གསུང་འདུག
རྒྱ་གར་གཞུང་གི་འཕྲོད་སྟེན་ལྷན་ཁང་གི་དཔོན་རིགས་རྣམས་ཀྱིས་རྒྱ་གར་ནང་པོའོ་ལི་ཡོ་ཞེས་བྱིས་པའི་རྩ་གཞི་སྤྲིད་ནད་ཀྱི་གནས་ཚུལ་ཟླ་བ་དགུ་རིང་བྱུང་མེད་སྟབས་ནད་གཞི་དེ་ཡུལ་ནང་མེད་པ་ཆགས་ཐུབ་པའི་རེ་བ་ཡོད་སྐོར་གསུང་འདུག རྒྱ་གར་གྱི་རྒྱལ་ཁབ་དེ་དལྟའི་འཆར་འཛམ་གླིང་ནང་པོའོ་ལི་ཡོ་ཞེས་པའི་ན་ཚ་དེ་ཁྱབ་གདལ་ཡོད་མཁན་གྱི་རྒྱལ་ཁབ་བཞིའི་ཁོངས་ནས་གཅིག་ཡིན་པ་དང་ཡིན་ནའང་ད་ཐེངས་ཡུལ་ནང་ན་ཚ་དེ་དུས་ཡུན་གང་མཚམས་ཞིག་རིང་མ་བྱུང་སྟབས་ཡུལ་ནང་ན་ཚ་དེ་སྔོན་འགོག་གི་ལས་འགུལ་སྤེལ་ནས་ལོ་ངོ་བཅུ་ཕྲག་གཉིས་རྗེས་གནས་ཚུལ་གསར་པ་ཞིག་ཆགས་ཀྱི་ཡོད་པ་རེད།
རྒྱ་གར་དབུས་གཞུང་གི་འཕྲོད་སྟེན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་གུ་ལམ་ན་བི་ཨ་ཛའརྡ་ཡིས་ང་ཚོའི་དམིགས་ཡུལ་གྲུབ་ལ་ཉེ་བར་སླེབས་ཡོད། ཡིན་ནའང་ང་ཚོས་ལྷོད་ཡངས་བྱེད་མི་རུང་ཞེས་གསུང་འདུག ཁོང་གིས་རྒྱ་གར་ནང་གོང་ཞུས་བྱིས་པའི་ན་ཚ་དེ་འདི་ལོ་ཕྱི་ཟླ་དང་པོའི་ནང་རྒྱ་གར་ཤར་ཕྱོགས་ལྦེསིཏ་སྦེང་གལ་མངའ་སྡེའི་ནང་བྱུང་ཡོད་སྐོར་དང་རྣམ་ཀུན་ན་ཚ་དེ་ཁྱབ་གདལ་ཆེ་ཤོས་གྲས་སྦི་ཧའར་དང་ཨུ་ཏར་པར་རྡེཤ་མངའ་སྡེ་དེ་གཉིས་ནང་ན་ཚ་དེ་ཡོད་པའི་གནས་ཚུལ་བྱུང་མེད་སྐོར་གསུང་འདུག ཡང་རྒྱ་གར་དབུས་གཞུང་གི་འཕྲོད་སྟེན་བློན་ཆེན་སྐུ་ཞབས་གུ་ལམ་ན་བི་ཨ་ཛའརྡ་ཡིས་རྒྱ་གར་ནང་པོའོ་ལི་ཡོ་ན་ཚ་མེད་པ་བཟོ་རྒྱུར་ན་ཚ་དེ་འབྱུང་སའི་ས་ཁག་ལ་འབད་བརྩོན་ལྷོད་མེད་དང་ན་ཚ་དེ་ཕོག་ཡུལ་བྱིས་པ་དང་རང་གནས་སྤོ་ཤུགས་བྱེད་མཁན་གྱི་མི་འབོར་ཐོག་སྔོན་འགོག་གི་ལས་དོན་སྤེལ་ནས་བྱུང་ཡོད་སྐོར་གསུང་འདུག རྒྱ་གར་གྱི་འཕྲོད་སྟེན་དཔོན་རིགས་རྣམས་ཀྱིས་རྒྱ་དང་ས་འབྲེལ་པཀིསི་ཏན་ནང་ན་ཚ་དེ་ཁྱབ་ཆེ་ཡོད་སྟབས་ཡུལ་དེ་ནས་ན་ཚ་དེ་རྒྱ་གར་ནང་ཁྱབ་པའི་ཞེད་སྣང་གནང་གི་ཡོད་པའི་གནས་ཚུལ་འདུག།