འབར་མའི་གཞུང་ནས་སྒྲིག་གཞི་ལག་ལེན་འཁེལ་རྒྱུ་ཐེ་ཚོམ།

འབར་མའི་གཞུང་ནས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ལག་ལེན་འཁེལ་རྒྱུའི་གསལ་བསྒྲགས་བྱས་པ་དེར་ཐེ་ཚོམ་ཡོད་པ་རེད།

༄༅༎འབར་མའི་གཞུང་ནས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ལག་ལེན་འཁེལ་རྒྱུའི་གསལ་བསྒྲགས་བྱས་པ་དེར་ཐེ་ཚོམ་ཡོད་པའི་དཔྱད་གཏམ་སྤེལ་འདུག

དེ་རིང་ལྷོ་ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ལོ་འཁོར་ཚོགས་ཆེན་ཐོག་འབར་མའི་ཕྱི་སྲིད་བློན་ཆེན་མཆོག་ནས། མཐུན་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ལག་ལེན་འཁེལ་ཕྱོགས་གཏན་འབེབས་བྱས་པའི་གནད་དོན་སྐོར་སྙན་སེང་ཞུས་ཡོད་པ་རེད། ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་སྒྲིག་གཞི་གཞིར་བཟུང་བྱེད་པ་ཡིན་ན། ཚོགས་མིའི་རྒྱལ་ཁབ་ཚོའི་ངོས་ནས་ཡུལ་ནང༌། མང་གཙོ་འཕེལ་རྒྱས་གཏང་རྒྱུ་དང༌། གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས། དེ་བཞིན་ཁྲིམས་ལུགས་གཞིར་བཟུང་འགྲོ་དགོས་རྒྱུ། འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སོགས་ཀྱི་གནས་སྟངས་ཡར་རྒྱས་དང༌། སྲུང་བརྩི་ཞུ་རྒྱུ་སོགས་འཁོད་ཡོད་པར་བརྟེན་ ད་བར་གྱི་འབར་མའི་དྲག་པོའི་གཞུང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་སྐབས། འགྲོ་བ་མིའི་ཐོབ་ཐང་དང༌། མང་གཙོའི་གནད་དོན་ཐོག་ཡག་པོ་མེད་པར་བརྟེན་ཨ་མི་རི་ཀ་དང༌། ཡུ་རོབ་མཐུན་ཚོགས་ནས་དཔལ་འབྱོར་གྱི་ཉེས་ཆད་ཀྱང་བཀལ་ཡོད་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org