ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ཧྥེ་ལི་པེན་ནང་ཕེབས་རྒྱུ།


2015.11.16
ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་(Obama)མཆོག་གི་ཕྱོགས་ཕེབས་སྐབས། ༢༠༡༥།༡།༡༤ ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་(Obama)མཆོག་གི་ཕྱོགས་ཕེབས་སྐབས། ༢༠༡༥།༡།༡༤
TWH

ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དབུ་ཁྲིད་ལྷན་ཚོགས་སུ་ཕེབས་ཞོར་ཧྥེ་ལི་པེན་ནང་ཡོད་པའི་མཚོ་དམག་གི་སྡེ་ཚན་ཁག་ནང་ཕེབས་རྒྱུ་ཡིན་པ།
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་Obamaམཆོག་ཧྥེ་ལི་པེན་ནང་བསྐོང་ཚོགས་གནང་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཡུལ་གྲུ་ཁག་དབར་གྱི་ཆེ་མཐོའི་དབུ་ཁྲིད་ལྷན་ཚོགས་ཐོག་བཅར་རྒྱུའི་ཆེད། སང་ཉིན་ཚེས༡༧རེས་གཟའ་མིག་དམར་ཉིན་ཧྥེ་ལི་པེན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ་རེད།
དེ་ནི་རེས་གཟའ་ལྷག་པ་ནས་འགོ་བཙུགས་ཀྱིས་ཉིན་གྲངས་གཉིས་རིང་སྐོང་ཚོགས་གནང་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཡུལ་གྲུ་ཁག་དབར་ཚོང་འབྲེལ་གྱི་ཆེས་མཐོའི་དབུ་ཁྲིད་ལྷན་ཚོགས་ཐོག རྒྱ་ནག་གི་སྲིད་འཛིན་Xi Jinpingགཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་གི་དབུ་ཁྲིད་མང་པོ་ཞིག་མཉམ་ཞུགས་གནང་གི་ཡོད་པ་དེའི་ཐོག་སྲིད་འཛིན་Obamaཡང་མཉམ་ཞུགས་གནང་རྒྱུའི་ཆེད་ཕེབས་ཀྱི་ཡོད་པ་དང་། སྲིད་འཛིན་Obamaཉིན་གྲངས་གསུམ་རིང་ཧྥེ་ལི་པེན་གྱི་རྒྱལ་ས་Manilaནང་བཞུགས་རིང་ཧྥེ་ལི་པེན་ནང་ཡོད་པའི་མཚོ་དམག་གི་སྡེ་ཚན་ཁག་ནང་དུའང་འཚམས་འདྲིའི་གཟིགས་སྐོར་གནང་སྟེ་ཨ་རི་དང་། ཧྥེ་ལི་པེན་ཡུལ་གྲུ་གཉིས་དབར་དམག་དོན་གྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།
ད་རེས་ཨ་མི་རི་ཀའི་སྲིད་འཛིན་Obamaམཆོག་ཧྥེ་ལི་པེན་ནང་ཡོད་པའི་དམག་དོན་གྱི་ཚན་པ་ཁག་ནང་འཚམས་འདྲིའི་གཟིགས་སྐོར་གནང་རྒྱུ་དེར་རྒྱ་ནག་གཞུང་ནས་མི་འདོད་པའི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་རེད། ཐེངས་འདིར་ཧྥེ་ལི་པེན་ནང་སྐོང་ཚོགས་གནང་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཡུལ་གྲུ་ཁག་གི་ཆེས་མཐོའི་དབུ་ཁྲིད་དབར་གྱི་ཚོང་འབྲེལ་ལྷན་ཚོགས་དེའི་ཐོག་ཚོང་འབྲེལ་ཁོ་ནའི་གནད་དོན་ལས་དེ་མིན་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་སྐོར་གླེང་སློང་མི་ཡོང་བ་རྒྱ་ནག་གཞུང་གིས་འབོད་སྐུལ་གནང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་Obamaམཆོག་ཉིན་གྲངས་གསུམ་རིང་ཧྥེ་ལི་པེན་ནང་གི་གཞུང་འབྲེལ་འཚམས་གཟིགས་གྲུབ་པའི་རྗེས་མ་ལའི་ཤི་ཡའི་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎