རྐྱེན་འདས་སོང་བའི་བོུ་བསོད་ནམ་ཆོས་སྒྲོན་ལགས་ཀྱི་སྐོར་།
2012.04.04
༄༅༎ཨ་མེ་རི་ཀའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནིའི་མཐོ་སློབ་ནང་གཟའ་ཟླ་བའི་ཉིན་མི་ཞིག་གིས་མེ་མདའ་གང་བྱུང་རྒྱབ་པའི་དོན་རྐྱེན་ནང་འདས་གྲོངས་སུ་ཕྱིན་པའི་བསོད་ནམས་ཆོས་སྒྲོན་ལགས་ནི་དེ་སྔ་བོད་གཞུང་གི་གཞུང་ཞབས་ཤིག་ཡིན་འདུག བསོད་ནམས་ཆོས་སྒྲོན་འདས་པོ་་དེ་ནི་ཕྱི་ལོ་༢༠༠༥་ལོར་ལྡི་ལི་མཐོ་སློབ་ནས་སློབ་པ་མཐར་སོན་པའི་རྗེས་ནས་བཟུང་བོད་གཞུང་གི་ལས་བྱེད་པ་གནང་བ་དང་ཕྱི་ལོ་༢༠༠༨་ལོར་ཤེས་རིག་ལས་ཁུངས་ཀྱི་རྒན་དྲུང་དུ་གནས་སྤོས་གནང་བ་དང་དེ་ནས་ཁོང་ལོ་གཉིས་ཀྱི་གོང་ལ་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་ནང་ཕེབས་ནས་སྨན་ཞབས་པའི་ལས་རིགས་དོན་གཉེར་གནང་ཕྱིར་མངའ་སྡེའི་ཨོ་ཨི་ཀོསི་གཙུག་ལག་སློབ་གྲ་ཆེན་མོའི་ནང་བཞུགས་འདུག
ཀེ་ལི་ཕོར་ནི་ཡའི་བོད་མིའི་མཐུན་ཚོཌ་གསར་འཛུཌ་གནང་མཁན་གྲས་ཤིག་ཡིན་པ་ཐེ་པོ་རིན་པོ་ཆེ་མཆོག་གིས་བོད་གཙོས་པའི་ས་གནས་གཞན་ཁག་ནས་བོད་མི་རྣམས་ཉེན་སྐྱོབ་དང་མི་ཚེའི་མདུན་ལམ་བཟང་བ་འཚོལ་ཐབས་སུ་ཨ་རིའི་ནང་ཡོང་གི་ཡོད་རུང་ གོང་ཞུས་གནས་ཚུལ་ཐབས་སྡུག་དེ་འདྲ་བྱུང་བ་ནི་སེམས་ཧ་ཅང་སྐྱོ་གཞི་ཞིག་ཡིན་ལུཌ་དང་ཚེ་འདས་བསོད་ནམས་ཆོས་སྒྲོན་ལཌ་ནི་གཞན་ཕན་ཁོ་ན་བསམ་མཁན་ཞིག་ཡིན་སྟབས་མི་གཞན་ལ་ཕན་ཐོགས་དང་རོགས་པ་བྱ་རྒྱུའི་ཆེད་དུ་སྨན་ཞབས་གནང་རྒྱུའི་དམིཌ་ཡུལ་ཟིན་ཡོད་པ་རེད་ཅེས་དང་ཡང་ཚེ་འདས་བསོད་ནམས་ཆོས་སྒྲོན་ལཌ་བོད་ནང་ཕེབས་འདོད་ཆེན་པོ་ཡོད་ན་ཡང་ ད་ཆ་དེ་བྱུང་མེད་སྐོར་གསུངས་འདུག་ རེས་གཟའ་ཟླ་བའི་ཉིན་ཤར་ཨོཀ་ལེནདྲ་ཞེས་པའི་ས་གནས་ལ་ཡོད་པའི་ཨོ་ཨི་ཀོསེ་ཞེས་པའི་གཙུག་ལག་སློབ་གྲ་ཆེན་མོའི་འཛིན་གྲ་ཁག་གི་ནང་རིག་འཚོ་མ་ཟིན་པའི་ཀོ་རི་ཡའི་མི་ཞིག་གིས་མེ་མདའ་གང་བྱུང་རྒྱབ་པར་བེུད་དྲུག་དང་སྐྱེས་པ་གཅིག་བཅས་མི་བདུན་རྐྱེན་ལམ་དུ་བཏང་བ་དང་མི་གསུམ་ལ་རྨས་སྐྱོན་ཚབས་ཆེ་བཏང་ཡོད་ཅིང་ མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེ་ནི་འདས་པའི་ལོ་༢༠་རིང་ཁུལ་དེར་མི་སྡེབས་་གསོད་བཏང་བའི་དོན་རྐྱེན་བྱུང་བ་སྡུག་ཤོས་དེ་ཡིན་པ་རེད་ ཡང་ཚེ་འདས་བསོད་ནམས་ཆོས་སྒྲོན་ལགས་ཀྱི་གཅེན་པོས་གོང་ཞུས་ཡིད་སྐྱོའི་གནས་ཚུལ་དེ་གོ་ཐོས་བྱུང་བར་བོད་པའི་སྤྱི་ཚོགས་ཆུང་ཆུང་ཞིག་ལས་མེད་སྟབས་ཚང་མ་སེམས་ཧ་ཅང་སྐྱོ་པོ་བྱུང་ཞེས་གསུངས་འདུག ཁ་ས་དགོང་དྲོ་ཁུལ་དེར་ཡོད་པའི་བོད་མི་རྣམས་ཀྱིས་ཚེ་འདས་དེའི་ཆེད་མར་མེའི་ཁྲོམས་སྐོར་དང་སྨོན་ལམ་གསུངས་སྐུལ་སོགས་གནང་ཡོད་པའི་གནས་ཚུལ་འདུག།