སྙིང་དཀར་རྒྱལ་ལགས་སུ་འདྲི་རྩད་དང་ཁ་པར་བཙན་འཕྲོག

2022.10.28
སྙིང་དཀར་རྒྱལ་ལགས་སུ་འདྲི་རྩད་དང་ཁ་པར་བཙན་འཕྲོག མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་།
མཐུན་འགྱུར་པར་རིས།

ཉེ་སྔོན་ཕྱི་ཟླ་༡༠ཚེས་༡༦སྟེ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་འགོ་མ་ཚུགས་གོང་གི་ཉིན་ཤས་སྔོན། རྒྱ་ནག་ཉེན་རྟོག་པས་མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གྱི་ཏོའུ་ཐེ་སྡེ་བའི་ཁྲ་རིང་ཡུལ་ཚོ་ནས་ཡིན་པ། སྙིང་དཀར་རྒྱལ་ལགས་སུ་ཁ་པར་ནང་དུ་ཕྱི་ཕྱོགས་ཀྱི་གནས་ཚུལ་ལ་ལྟ་ཉན་བྱས་སྐོར་གྱི་ཉེས་འཛུགས་འོག་ས་གནས་ཉེན་རྟོག་ཁང་དུ་འབོད་འགུགས་ཀྱིས་འདྲི་བརྩད་དང་། རྗེས་སུ་ཁོང་གློད་ཡོད་ཀྱང་ཁ་པར་བཙན་ཐབས་ཀྱིས་འཕྲོག་སྟེ་ཚོགས་ཆེན་གྲོལ་རྗེས་བསྐྱར་དུ་ཞིབ་བཤེར་བྱ་རྒྱུ་ཡིན་པ་སོགས་བརྗོད་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་དེས་མུ་མཐུད་བརྗོད་དོན་ལ། སྙིང་དཀར་རྒྱལ་ལགས་ནས་ཁ་པར་ནང་དུ་ཕྱི་ཕྱོགས་ཀྱི་གནས་ཚུལ་དང་གསར་འགྱུར་རིགས་ཉར་ཚགས་བྱས་པས་ཡིན་པ་དང་། ཡང་ཁ་ཤས་ཀྱིས་ཁོང་གིས་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་པའི་གནས་ཚུལ་ཞིག་བཤད་བཞིན་ཡོད་པ་དང་།ཉེན་རྟོག་ཁང་དུ་ཁོང་ལ་ཁྲིམས་འགལ་གྱི་གནས་ཚུལ་ག་རེ་ཉེས་འཛུགས་བྱས་ཡོད་དང་། ཁོང་ལ་དངོས་སུ་ཞིབ་བཤེར་གྱིས་ཉེན་རྟོག་ཁང་དུ་ཁྲིད་པའི་ཟླ་ཚེས་ཤེས་རྟོགས་མི་ཐུབ་ན་ཡང། ཁོང་ཐེངས་ཁ་ཤས་ཉེན་རྟོག་ཁང་དུ་འབོད་འགུགས་གིས་འདྲི་རྩད་ཐེངས་མང་ལ་བྱས་ཡོད་སྐོར་བརྗོད་བྱུང་།
སྤྱིར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དང་འབྲེལ་བོད་མི་ཚོར་རྣམ་པ་འདྲ་མིན་ངང་དམ་དྲག་བྱས་ཡོད་པ་དང་། གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཞན་དེས། ད་ལྟའི་ཆར་སྙིང་དཀར་རྒྱལ་ལགས་ཕྱིར་ནང་དུ་གློད་ཡོད་ན་ཡང་ཁ་པར་ད་དུང་ཕྱིར་མ་སྤྲད་པར་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཁོང་ད་དུང་ཉེན་རྟོག་ཁང་དུ་སྐད་བཏང་བ་སོགས་བྱས་མེད་ཀྱང་། ཉེན་རྟོག་ཁང་ནས་སྐད་གཏོང་སྐབས་ཡོང་དགོས་པའི་བཀོད་ཁྱབ་བཏང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་ཆེན་དང་འབྲེལ་བོད་ནང་སྤྱི་ཡོངས་ནས་དམ་དྲག་ཤུགས་ཆེར་བྱས་པ་མ་ཟད་སྤྱི་ཚོགས་དྲ་ལམ་ཁག་ལ་སྟངས་འཛིན་ཞིབ་བཤེར་དང་། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཚོགས་ཆེན་རིང་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་གནས་ཚུལ་དང་པར་རིས་རིགས་ཀྱང་བརྒྱུད་སྐུར་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་དང་། དེ་བཞིན་ལི་ཐང་དང་ཉག་ཆུ་ཕྱོགས་སུ་ཚོགས་ཆེན་སྐབས་གྲི་དང་མཚོན་ཆ་ཉར་མི་ཆོག་པའི་ཞིབ་བཤེར་སོགས་བྱས་ཡོད་འདུག།


གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎