ཨ་རིས་བྱང་ཀོ་རི་ཡ་དང་མུ་མཐུད་འབྲེལ་མོལ་གནང་འདུན།

ཨ་མི་རི་ཀའི་ངོས་ནས་བྱང་ཀོ་རི་ཡ་དང་འབྲེལ་མོལ་མུ་མཐུད་གནང་རྒྱུའི་འདུན་པ་ཡོད་སྐོར་ཨ་མི་རི་ཀའི་གཞུང་གིས་གསུང་ཡོད་པ་རེད་

༄༅༎ཉེ་ལམ་བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་འཕར་མ་བཟོ་བའི་གནས་ཚུལ་ཐོན་མིན་ལ་མ་ལྟོས་པར་ཨ་མི་རི་ཀའི་ངོས་ནས་བྱང་ཀོ་རི་ཡ་དང་འབྲེལ་མོལ་མུ་མཐུད་གནང་རྒྱུའི་འདུན་པ་ཡོད་སྐོར་ཨ་མི་རི་ཀའི་གཞུང་གིས་གསུང་ཡོད་པ་རེད་

ཨ་མི་རི་ཀའི་གཞུང་གི་བྱང་ཀོ་རི་ཡའི་དམིགས་གསལ་སྐུ་ཚབ་སྐུ་ཞབས་སི་ཀྲི་ཕེན་སྦོ་སི་ལྦོཐ་ཡིས་བྱང་ཀོ་རི་ཡའི་ཉེ་ཆར་གྱི་བྱེད་བབ་དེ་ཟིང་སློང་བྱེད་ཐབས་ཤིག་ཡིན་ཡང་ང་ཚོས་རྒྱལ་ཁབ་དྲུག་གི་གྲོས་མོལ་དེ་སླར་གསོ་མ་ཐུབ་པའི་གནད་དོན་ཞིག་མ་རེད་ཅེས་གསུང་འདུག བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་འཕར་མ་བཟོ་བའི་གནས་ཚུལ་དེ་ཉེ་སྔོན་བྱང་ཀོ་རི་ཡའི་འགོ་འཁྲིད་ཀིམ་ཇོང་ཨིལ་ཡིས་ཁོ་པའི་བུ་ཆུང་ཤོས་ཀིམ་ཇོང་ཨུན་རང་ཉིད་ཀྱི་ཚབ་བཟོ་རྒྱུའི་ཐག་གཅོད་བྱས་ནས་ཟླ་ངོ་༢རྗེས་བྱུང་བའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་རེད་ གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་ཀིམ་ཇོང་ཨིལ་ཡིས་རང་ཉིད་ཀྱི་བུར་ཆེ་ཐོངས་ཡོང་ཆེད་རྡུལ་ན་གོ་མཚོན་ཁག་བྱང་ཀོ་རི་ཡའི་དྲག་པོའི་དཔུང་དམག་ལ་མིག་སྟོན་ཆེད་ཡིན་སྐོར་གསུང་གི་ཡོད་པ་རེད་ བྱང་ཀོ་རི་ཡས་ཡུལ་དེའི་རྡུལ་ཕྲན་གོ་མཚོན་དང་འབྲེལ་བའི་སྐོར་རྒྱལ་ཁབ་དྲུག་གི་ལྷན་ཚོགས་དེ་དང་གྲོས་མོལ་བསྐྱར་གསོ་གནང་རྒྱུའི་འདུན་པ་ཡོད་སྐོར་གླེང་ཡང་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡས་གལ་སྲིད་བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་ཁག་མེད་པ་བཟོ་རྒྱུའི་ཁས་ལེན་བྱས་པ་ཡིན་ན་གྲོས་མོལ་བསྐྱར་གསོ་གནང་ཆོག་རྒྱུ་ཡིན་སྐོར་གསུང་ཡོད་པ་རེད་ ལྷོ་ཀོ་རི་ཡའི་གཞུང་གིས་གོང་ཞུས་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་འཕར་མ་བཟོ་བའི་གནས་ཚུལ་དེ་བློ་འཚབ་ཤུགས་ཆེ་བསྐྱེད་འོས་པ་ཞིག་དང་ཡུལ་དེའི་བྱེད་བབ་ལ་དུས་རྟག་ཏུ་ཉམས་ཞིབ་གནང་བཞིན་ཡོད་སྐོར་གསུང་འདུག