༸གོང་ས་མཆོག་ལ་ནོ་བེལ་གཟེངས་རྟགས་ཕུལ་བའི་དུས་དྲན།

ཨོ་སེ་ཀྲེ་ལི་ཡའི་ནང་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་བའི་དུས་དྲན་སྲུང་བརྩིའི་ཐོག་ཆིབས་བསྒྱུར།

2009.12.10

༄༅༎ཨོ་སེ་ཀྲེ་ལི་ཡའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་བའི་དུས་དྲན་སྲུང་བརྩིའི་ཐོག་ཆིབས་བསྒྱུར་གནང་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨོ་སེ་ཀྲེ་ལི་ཡའི་ནང་གི་མཛད་འཆར་ཉིན་མཐའ་མ་དེར་དེ་རིང་བོད་དོན་རྒྱབ་སྐྱོར་བ་བརྒྱ་སྐོར་ཞིག་གི་འདུ་འཛོམས་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ངོ་ཉི་ཤུ་འཁོར་བའི་མཛད་སྒོར་༧གོང་ས་མཆོག་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཨོ་སེ་ཀྲེ་ལི་ཡའི་ནང་གི་ས་སྐྱེས་རྡོ་སྐྱེས་སམ་གདོད་མའི་མི་རིགས་ཚོར་རང་གི་སྐད་ཡིག་དང་། རིག་གཞུང་མི་ཉམ་གོང་འཕེལ་གཏོང་ཐབས་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་སྨོས་མེད་ཐོག་གཙོ་བོ་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལུགས་བཀའ་གནང་འདུག། དེ་དང་ཕྱོགས་མཚུངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ནང་དབུལ་ཕྱུག་གི་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་དེ་མེད་པ་བཟོ་ཐབས་སུ་ནུབ་ཕྱོགས་རྒྱལ་ཁབ་ཚོས་མཐུན་འགྱུར་བྱེད་ཀྱི་ཡོད་པ་དེ་ཡག་པོ་ཞེ་དྲག་རེད། ཡིན་ནའང་དེ་དག་གི་འགོག་རྐྱེན་གཙོ་བོ་དེ་ནི་ཤེས་ཡོན་གྱི་མི་ལྡེང་པ་དེས་ཡིན་པ་རེད་ཅེས་གསུངས་ནས་གང་ལྟར་ཨཕ་རི་ཀ་དང་ཨོ་སེ་ཀྲེ་ལི་ཡའི་ནང་གི་གདོད་མའི་མི་རིགས་སོགས་ཀྱི་དཀའ་ངལ་ཐོག་ཐུགས་འཚབ་གནང་ཡོད་པ་རེད།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་གཅིག་ཉིན་ཐོག་མར་ཨོ་སེ་ཀྲེ་ལི་ཡའི་གྲོང་ཁྱེར་སིདྲ་ནི་དང་། དེ་ནས་རིམ་པས་ནིའུ་ཛ་ལེན་དྲེ། དེའི་རྗེས་སུ་ཨོ་སེ་ཀྲེ་ལི་ཡའི་གྲོང་ཁྱེར་མེལ་སྦོན་ནང་ཆིབས་བསྒྱུར་གྱིས་མཛད་འཕྲིན་ཁག་ལེགས་པར་གྲུབ་གནང་ཏེ་སང་ཉིན་རྒྱ་གར་རུ་ཆིབས་ཞལ་སྒྱུར་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎