སྤྱི་ལོ་༢༠༡༥ལོའི་ནོ་བེལ་དངོས་ལུགས་ཀྱི་རྟགས་མ་ཐོབ་མཁན།
2015.10.06
ཉི་ཧོང་དང་ཁ་ན་ཊའི་ཚན་རིག་པ་གཉིས་ལ་ནོ་བེལ་དངོས་ལུགས་ཀྱི་རྟགས་མ་གནང་གཏན་འཁེལ་ཡོད་འདུག
དེ་ཡང་ནོར་ཝའི་ནོ་བེལ་རྟགས་མའི་ལྷན་ཚོགས་ཀྱི་ཚན་རིག་སྡེ་ཚན་གྱིས་གསུངས་དོན། ཉིས་སྟོང་བཅོ་ལྔ་ལོའི་ནོ་བེལ་དངོས་ལུགས་རྟགས་མ་དེ། ཉི་ཧོང་གི་ཊོ་ཁེ་བོ་སློབ་གྲྭ་ཆེན་མོའི་འཛམ་གླིང་འཕྲོ་འོད་ཞིབ་འཇུག་ཁང་གི་འགན་འཛིན་ཐ་ཁ་ཁེ་ཁ་ཇེ་ཐ་དང་། ཁ་ན་ཊའི་ཚན་རིག་པ་ཨར་ཊོར་གཉིས་ལ་གནང་གཏན་འཁེལ་ཡོད་ཅིང་། ཁོང་གཉིས་ལ་ལོ་འདིའི་ནོ་བེལ་དངོས་ལུགས་རྟགས་མ་གནང་དགོས་དོན་ནི། ཁོང་གཉིས་ཀས་རྡུལ་ཕུང་དཀྱིལ་མའི་ཞིབ་འཇུག་ལ་བླ་ལྷག་གི་གྲུབ་འབྲས་ཐོན་ཡོད་པ་སྟེ། ཁོང་གཉིས་ཀའི་ཞིབ་འཇུག་ལས་རྡུལ་ཕུང་དཀྱིལ་མར་སྤུས་ཚད་ངེས་ཅན་ཞིག་ཡོད་པ་ཤེས་རྟོགས་བྱུང་བ་དེས་མིའི་རིགས་ཀྱིས་འཇིག་རྟེན་འདིར་བཟུང་བའི་ལོ་རྒྱུས་ཀྱི་ལྟ་ཚུལ་དང་གྲུབ་ལུགས་ཀྱི་ལྟ་སྟངས། འབྱུང་འགྱུར་ངེས་འཛིན་བྱ་ཕྱོགས་བཅས་ལ་འགྱུར་བ་ཐེབས་སུ་བཅུག་ཡོད་པའི་སྐོར་གསུངས་ཡོད་འདུག
ཉིས་སྟོང་བཅུ་བཞི་ལོའི་ནོ་བེལ་དངོས་ལུགས་རྟགས་མ་དེ་ཡང་ཉི་ཧོང་གི་ཚན་རིག་པ་གསུམ་གྱིས་འོད་ཀྱི་འབྱུང་ཁུངས་སྐོར་གྱི་གྲུབ་འབྲས་ལ་བརྟེན་ནས། ནོ་བེལ་དངོས་ལུགས་ཀྱི་རྟགས་མ་བླངས་ཡོད་སྟབས། ཐེངས་འདི་ནི་ལོ་ངོ་གཉིས་ཀྱི་རིང་ལ་ནོ་བེལ་དངོས་ལུགས་རྟགས་མ་ཐོབ་མཁན་ཉི་ཧོང་གི་ཚན་རིག་པ་བཞི་བ་དེ་ཆགས་ཡོད་འདུག
དེ་བཞིན་དུས་ཡུན་རིང་པོའི་ནང་རྒྱ་ནག་ནང་ནས་ནོ་བེལ་ཚན་རིག་གི་གཟེངས་རྟགས་
བྱ་དགའ་ཐོབ་མཁན་ཞིག་བྱུང་ན་སྙམ་པའི་མཐར། ད་རེས་དགུང་གྲངས་༨༤་སོན་པའི་རྒྱ་རིགས་བེུད་ཚན་རིག་ཉམས་ཞིབ་པ་Tu Youyouཞུ་བ་ཁོང་མོས་Malariaཞེས་པའི་དུག་སྦྲང་སོགས་ཀྱིས་ཁྱབ་པར་བྱེད་པའི་ནད་འགོག་བྱེད་ཀྱི་སྨན་ཞིག་གསར་བཟོ་ཐུབ་པའི་པར་བརྟེན་ཁོང་མོ་ནི་རྒྱ་ནག་ནང་གི་ནོ་བེལ་གཟེངས་རྟགས་བྱ་དགའ་ཐོབ་མཁན་ཐོག་མ་ཡིན་པ་རེད།
Tu Youyou ཁོང་མོ་ནི་དེ་སྔོན་བྷེ་ཌེ་ནམ་གྱི་ནང་ཨ་མི་རི་ཁའི་དམག་འཁྲུགས་རྒྱབ་པའི་སྐབས་རྒྱ་ནག་གིས་བྷེ་ཌེ་ནམ་ལ་གསང་བའི་སྒོ་ནས་རོགས་རམ་བྱེད་པའི་ལས་འགུལ་ནང་བཞུགས་མྱོང་མཁན་ཞིག་ཡིན་པ་དང་། ད་ཕན་ལོ་མང་གི་རིང་ཁོང་མོས་སྤྱི་ལོ་༡༩༧༡་ཙམ་ནས་ནད་འགོག་གི་ཚན་རིག་ཉམས་ཞིབ་ཀྱི་ལས་དོན་དེའི་ཐོག་འབད་བརྩོན་དང་གྲུབ་འབྲས་གང་ཙམ་བྱུང་ཡོད་ཀྱང་རྒྱ་ནག་ནང་དེར་བརྩི་མཐོང་བྱེད་མཁན་བྱུང་མེད་པ་རེད།
གསར་འགོད་པ་ཀེ་ཐོ་དང་ཕྲེང་རིང་བསྟན་ནོར།