ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་སྐོར།
ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱི་ཆེས་མཐོའི་ལྷན་ཚོགས་ཐེངས་༡༢པ་དེ་ཤི་ཀ་གོ་གྲོང་ཁྱེར་དུ་གནང་གཏན་འཁེལ།
-
2012-03-22 -
-
-
༄༅༎ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱི་ཆེས་མཐོའི་ལྷན་ཚོགས་ཐེངས་༡༢པ་དེ་རིང་མིན་ཕྱི་ཟླ་༤པའི་ནང་ཨ་རིའི་གྲོང་ཁྱེར་ཤི་ཀ་གོ་རུ་ལྷན་ཚོགས་གནང་གཏན་འཁེལ་འདུག་པ་དང་ ལྷག་ཚོགས་དེའི་ཐོག་སྙན་གྲགས་ཅན་གྱི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ཤོན་པེན་ཞུ་བ་དེར་ཆེས་མཐོའི་ཞི་བདེ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག་༎
གོང་གསལ་ནོ་བེལ་ཞི་བདེའི་དེད་དཔོན་རྣམས་ཀྱི་ཆེས་མཐོའི་ལྷན་ཚོགས་ཐེངས་༡༢པ་དེ་བཞིན་ ཕྱི་ཟླ་༤པའི་ཚེས་༢༡ཉིན་དབུ་འཛུགས་ཀྱི་ཉིན་གསུམ་རིང་ལྷན་ཚོགས་གནང་རྒྱུ་ཡིན་ཞིང་ ལྷན་ཚོགས་དེའི་ཐོག་ནོ་བེལ་ཞི་བདེའི་དེད་དཔོན་བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ ར་ཤི་ཡའི་སྲིད་འཛིན་ཟུར་པ་གོར་སྦ་ཆོལྦ་ ཨ་རིའི་སྲིད་འཛིན་ཟུར་པ་ཇིམ་མི་ཁའར་ཀྲར་བཅས་ལྷན་བཞུགས་གནང་རྒྱུ་ཡིན་འདུག འཛམ་གླིང་ཞི་བདེའི་ཆེས་མཐོའི་ལྷན་ཚོགས་ཐོག་ནས་རྒྱལ་སྤྱིའི་ཐོག་གཟེངས་སུ་ཐོན་པའི་སྤྱི་ཚོགས་ཞབས་ཞུ་དང་ཞི་བདེ་གོང་འཕེལ་གྱི་ལས་དོན་ལ་ལེགས་བསྐྱེད་ཕུལ་མཁན་གྱི་མི་སྣར་ཞི་བདེའི་གཟེངས་རྟགས་འབུལ་སྲོལ་ཡོད་པ་བཞིན་ འདི་ལོའི་གཟེངས་རྟགས་དེ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ཤོན་པེན་ལ་འབུལ་གཏན་འཁེལ་འདུག་ལ་ དེ་ནི་གཙོ་བོ་ཤོན་པེན་གྱིས་ལྷོ་ཨ་མི་རི་ཀའི་མཆོ་གླིང་རྒྱལ་ཁབ་ཧེ་ཀྲི་ནང་༢༠༡༠ལོར་ས་ཡོམས་ཀྱི་གོས་ཆགས་ཚབས་ཆེན་བྱུང་པ་ནས་བཟུང་རྒྱལ་ཁབ་དེའི་ནང་འཛུགས་བསྐྲུན་བསྐྱར་གསོ་དང་གོད་ཆགས་ཕོགས་པའི་ཉམ་ཐག་མི་མང་རྣམས་ལ་ངལ་སེལ་གྱི་རོགས་སྐྱོབ་མཐུན་སྦྱོར་གནང་པའི་བྱས་རྗེས་ལ་ངོས་འཛིན་ཞུ་ཆེད་ཡིན་འདུག་༎