བོད་བླ་བྲང་བསང་ཆུ་རྫོང་ཁུལ་དུ་ད་ལོ་ལོ་གསར་རོལ་རྒྱུ་མིན་པ།

བོད་བླ་བྲང་བསང་ཆུ་རྫོང་ཁུལ་དུ་ད་ལོ་ལོ་གསར་རོལ་རྒྱུ་མིན་པ་དང་༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་དགོས་པའི་སྦྱར་ཡིག་སྦྱར་ཡོད་པ།

༄༅༎ཀན་སུའི་ཞིང་ཆེན་ཁོངས་གཏོགས་ཀྱི་བོད་བླ་བྲང་བསང་ཆུ་རྫོང་གི་འབོ་ར་ཤང་གི་ཁྲོམ་སྲང་དུ་ད་ལོ་ལོ་གསར་རོལ་རྒྱུ་མིན་པ་དང་༸གོང་ས་མཆོག་གི་བཀའ་དགོངས་ལ་གུས་བཀུར་བྱ་དགོས་པའི་སྦྱར་ཡིག་སྦྱར་ཡོད་པ་རེད།

དེང་སང་བོད་ཕྱི་ནང་གཉིས་སུ་བོད་ཀྱི་ལོ་གསར་གྱི་དགའ་སྟོན་བརྟེན་འབྲེལ་ཟབ་རྒྱས་བྱ་རྒྱུ་མིན་པ་ལྟར་སྤྱི་ཟླ་དང་པའི་ཚེས་ཉི་ཤུ་རྩ་གཉིས་ཉིན་བླ་བྲང་ཕྱོགས་ཀྱི་འབོ་ར་ཤང་གི་ཁྲོམ་སྲང་དུ་ཤོག་ངོས་གསུམ་ཙམ་གྱི་སྦྱར་ཡིག་སྦྱར་ཡོད་པའི་སྐོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་སྒོ་མང་གྲྭ་ཚང་གི་དགེ་འདུན་བཀྲ་རྒྱམ་ལ་ཕ་ཡུལ་ནས་ཁ་པར་འབྱོར་བའི་སྐོར་གསུངས་དོན་ལ་

གསན་རོགས་གནང་།

ཡང་ཁོང་གིས་འགྲེལ་བརྗོད་གནང་དོན་ལྟར་ན་ན་ནིང་བོད་ནང་ཞི་བའི་ཡར་ལངས་ཀྱི་རྐྱེན་པས་གཙོད་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་བྱེད་འབོ་ར་དགོན་པའི་ཕྱག་མཛོད་དཀོན་མཆོག་རྒྱ་མཚོ་ལགས་ཕྱག་མཛོད་ཀྱི་གོ་གནས་ནས་མར་ཕབ་ཡོད་པ་དང་སྤྱིར་བཏང་དགོན་པ་དེའི་ཕྱག་མཛོད་ཀྱི་ལས་འགན་གྱི་དུས་ཡུན་ལོ་གསུམ་རེ་གནང་དགོས་ཀྱི་ཡོད་ཀྱང་ཕྱག་མཛོད་དཀོན་མཆོག་རྒྱ་མཚོ་ལགས་ལོ་གཅིག་ལྷག་གི་དུས་ཡུན་མ་རྫོགས་གོང་ནས་བརྗེ་བོ་རྒྱབ་པ་དང་དགོན་པའི་དོ་དམ་མི་སྣ་གསར་པ་ཚོར་འབོ་ར་དགོན་པའི་ངོས་ནས་སྨོན་ལམ་ཡར་ཚོགས་སླེབས་ལ་ཉེ་བའི་དུས་འདིར་སེར་སྐྱ་མང་ཚོགས་ལ་ཡར་ལངས་བྱ་རྒྱུ་མེད་པའི་སྐོར་བཤད་ནས་འགན་ལེན་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org