ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ལ་ཁ་བྱང་གསར་བ་སྤྲད་པ།


2014.06.25
ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་པར་ཞིག ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་པར་ཞིག
AFP

ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་གྱི་གཞུང་ལམ་གྱི་མིང་ལ་ལེའུ་ཞོའོ་པོ་གཞུང་ལམ་ཞེས་མིང་བསྒྱུར་གྲོད་ཆོད་གཏན་འབེབས་བྱུང་འདུག
དེ་ཡང་སྤྱི་ཚེས༢༤རེས་གཟའ་མིག་མར་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་དངུལ་རྩིས་ཚོགས་ཆུང་ནས། ཨ་རིའི་ཕྱི་འབྲེལ་ལས་དོན་གྱི་དངུལ་རྩིས་བཀའ་ཁྲོལ་གཏན་འབེབས་ཀྱི་གྲོས་འཇོག་སྐབས། གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Frank Wolfམཆོག་གིས་ཕྱི་འབྲེལ་ལས་དོན་གྱི་དངུལ་རྩིས་བཀའ་ཁྲོལ་ལ་བསྐྱར་བཅོས་ཀྱི་གྲོས་འཆར་འདོན་གནང་མཛད་པ་བཞིན། རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་གྱི་གཞུང་ལམ་མིང་འགྱུར་བྱེད་དགོས་པའི་སྐོར། ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་བཀོད་ཁྱབ་ཀྱི་གྲོས་ཆོད་གཏན་འབེབས་བྱུང་ཡོད་པ་རེད། གྲོས་ཆོད་ཀྱི་བཀོད་ཁྱབ་ནང་གསལ་ལྟར་ན། རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་གྱི་གཞུང་ལམ་3505 International Plaza NW ཞེས་བ་ད་ལྟ་ No 1 Liu Xiaobo Plaza ཞེས་ད་ལྟ་རྒྱ་ནག་གི་བཙོན་ཁང་ལ་ཡོད་པའི་ཞིི་བདེའི་གཟེངས་རྟགས་རག་མཁན་ལེའུ་ཞོའོ་པོ་ཡི་མཚན་ཐོག་ལ་མིང་བསྒྱུར་གཏོང་དགོས་པ་འཁོད་འདུག The Washington Post ཨ་རིའི་གསར་ཤོག་གི་གནས་ཚུལ་ནང་། གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Frank Wolf གཙོས་པའི་འཐུས་མི་ཁག་གཅིག་ནས་རྒྱ་ནག་ནང་འགྲོ་བ་མིིའི་ཐོབ་ཐང་བརྡལ་གཤིག་བཏང་དང་གཏོང་བཞིན་པའི་གནས་སྟངས་ལ་དྲན་སྐུལ་དང་།  རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་Liu Xiaobo ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད།  རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་གྱི་གཞུང་ལམ་དེ་མིང་འགྱུར་གནང་དགོས་པའི་སྐོར་དེ་སྔོན་རྒྱལ་ས་ཝ་ཤིན་ཀྲོན་ས་གནས་གཞུང་ལ་འབོད་སྐུལ་གྱི་ཞུ་སྙན་ཕུལ་ཡོད་པ་རེད། ཡིན་ཡང་རྗེས་སུ་གྲོས་ཚོགས་ཀྱི་འཐུས་མི་རྣམ་ནས་རྒྱ་ནག་གཞུང་ཚབ་ལས་ཁུངས་ཆགས་སའི་ས་ཁུལ་གྱི་བདག་དབང་ཞིབ་འཇུག་གནང་སྐབས་ས་ཁུལ་དེ་བཞིན་དབུས་གཞུང་གི་ཁྱབ་ཁྱོངས་སུ་ཡོད་པ་མཁྱེན་རྟོགས་བྱུང་ཡོད་པར་བརྟེན་ཝ་ཤིན་ཀྲོན་མངའ་སྡེ་གཞུང་གི་བཀའ་ཁྲོལ་མི་དགོས་པར་གྲོས་ཚོགས་ནང་ཐད་ཀར་གྲོས་ཆོད་གཏན་འབེབས་གནང་བ་ཞིག་ཡིན་པ་རེད་འདུག  
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

གསར་འགྱུར་དང་འབྲེལ་བའི་གནས་ཚུལ་གཤམ་ལ་གསན་རོགས།

 

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎