ངག་དབང་རབ་རྒྱལ་ལགས་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འདེམས་ཐོན་བྱུང་བ།


2016.09.26
ངག་དབང་རབ་རྒྱལ་ལགས་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འདེམས་ཐོན་བྱུང་བ། ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱལ་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འདེམས་ཐོན་བྱུང་འདུག
འཇིགས་མེད་སྙན་གྲགས།

༄༅།།བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་ད་ལྟའི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ཐུགས་འཁུར་བཞེས་བཞིན་པའི་ངག་དབང་རབ་རྒྱལ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་བདམས་ཐོན་བྱུང་འདུག དེ་ཡང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཁྲིམས་ཞིབ་པའི་འོས་མི་གསུམ་མཚན་འདོན་གྱིས་ཕུལ་བ་གཞིར་བཟུང་ཕྱི་ཚེས་༢༦ཉིན་སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་ཐེངས་གཉིས་པའི་ཉིན་དྲུག་པར་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འོས་མིར་དྲིལ་བསྒྲགས་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་དང་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས་གཉིས་གསལ་བསྒྲགས་གནང་བར་ལྟར་གྲོས་ཚོགས་ནང་འོས་ཤོག་འཕེན་པའི་གྲུབ་འབྲས་སུ་སྣང་ས་ཆོས་སྒྲོན་ལགས་སུ་འོས་ཤོག་༡༨དང་ངག་དབང་རབ་རྒྱལ་ལགས་སུ་འོས་ཤོག་༢༤ཐོབ་སྟེ་ཤེས་རིག་དྲུང་ཆེ་ངག་དབར་རབ་རྒྱལ་ལགས་དབུས་བོད་མིའི་ཁྲིམས་ཞིབ་པར་བདམས་ཐོན་བྱུང་འདུག ངག་དབང་རབ་རྒྱས་ལགས་ཀྱིས་འདས་པའི་ཐུགས་འགན་གཙོ་བོ་ཕྱི་འབྲེལ་གནང་ཡིན་ཅིང་ དེའི་ཁུངས་སུ་ར་ཤི་ཡའི་སྐུ་ཚབ་དོན་གཅོད་ལས་ཡུན་ཐེངས་གཉིས་དང་ཨ་མེ་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཡུན་གཅིག་གནང་ཡོད། ཕྱི་ལོ་༢༠༡༥ལོ་བཟུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་དྲུང་སྤྱིའི་བསྐོ་བཞག་གནང་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པའི་ས་སྟོང་དེ་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་ཕྱི་ལོ་༢༠༡༠ནས་བཟུང་ཁྲིམས་ཞིབ་པའི་ཐུགས་ཁུར་བཞེས་ཡོད་ཅིང་། ཁོང་གིས་བགྲེས་ཡོལ་དེ་ལོ་གཅིག་སྔ་སྣུར་གནང་ནས་ལོ་འདིའི་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡ནས་དངོས་སུ་བགྲེས་ཡོལ་དུ་ཕེབས་པའི་རྗེས་སུ་ངག་དབང་རབ་རྒྱས་ལགས་ཀྱིས་ཁྲིམས་ཞིབ་པའི་ཐུགས་འགན་གྱི་བཞེས་ཀྱི་ཡོད་པ་རེད་འདུག།
གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎