རྔ་བའི་སློབ་གསོའི་མ་ལག་གི་རུལ་སུངས་གྱོད་དོན་ལ་ཞིབ་བཤེར།

རྔ་བ་ཁུལ་གྱི་སློབ་གསོའི་མ་ལག་གི་རུལ་སུངས་ཉེས་དོན་ཐད་ཞིབ་བཤེར་བྱས་པའི་ནང་མི༢༣ལ་ཐག་གཅོད་བྱས་པ།

རྔ་བ་ཕྱོགས་ཀྱི་ས་ཁྲ།

རྔ་བ་ཁུལ་གྱི་སློབ་གསོའི་མ་ལག་གི་རུལ་སུངས་ཉེས་དོན་ཐད་ཞིབ་བཤེར་བྱས་པའི་ནང་མི༢༣ལ་ཐག་གཅོད་བྱས་པ།
དེ་ཡང་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་སྒྲིག་ཁྲིམས་ལས་ཁུངས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ད་ལོའི་ཟླ ༥བ་ནས་བཟུང་། རྔ་བ་ཁུལ་གྱིས་སློབ་གསོ་མ་ལག་གི་རུལ་སུངས་ཉེས་དོན་ཐད་ཞིབ་བཤེར་ཐག་གཅོད་བྱས་པའི་ནང་། རྫོང་དང་ཁུལ་རིམ་པའི་སློབ་གསོ་ལས་ཁུངས༡༠དང། མི ༢༣ ལ་སྒྲིག་འཛུགས་ཀྱིས་ཞིབ་བཤེར་བྱས་ཏེ་རྫོང་རིམ་པའི་ལས་བྱེད་པ ༤ དང་། ཁོའོ་རིམ་པའི་ལས་བྱེད་པ༡༡ དེ་བཞིན་ལས་བྱེད་པ་ཕལ་བ ༨ བཅས་ཚུད་འདུག ཁོ་ཚོས་རྒྱུ་རྔན་ལྐོག་ལེན་དང་། ལེགས་སྐྱེས་མ་དངུལ་བླངས་པ། སྤྱི་དབང་སྒེར་སྤྱོད་སོགས་ཀྱི་ནག་ཉེས་བསགས་ཡོད་ཅིང་། ཉེས་འབྲེལ་མ་དངུལ་ཁྱོན་ས་ཡ༢དང་འབུམ ༤ ལྷག་ལ་སླེབས་འདུག
ཞིབ་བཤེར་བྱས་པ་བརྒྱུད་སློབ་ཁྲིད་འཕྲུལ་ཆས་ཉོ་སྒྲུབ་དང་། རྨང་གཞིའི་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ནི་ནག་ཉེས་གསོག་ས་གཙོ་བོ་རེད། ཉེས་འབྲེལ་མི་སྣས་དཔོན་ཚོང་ངན་འབྲེལ་ལམ་ནས་སྒྲིག་འགལ་སློབ་ཁྲིད་འཕྲུལ་ཆས་ཉོ་སྒྲུབ། ཚོང་ཆས་མཁོ་སྤྲོད་བྱེད་མཁན་ལ་རོགས་བྱས་ནས་མཁོ་སྤྲོད་བྱས་པའི་དངུལ་འཛིན་ཡིག་ཆར་བཟོ་བཅོས། ཡང་ཚོང་ཆས་མཁོ་སྤྲོད་བྱེད་མཁན་གྱི་རེ་བ་ལྟར་ལག་བརྒྱུད་མི་སྣར་བཅོལ་བརྡ་གཏང་བ་སོགས་བྱས་ནས་ཁེ་ཕན་བླངས་མཁན་རིགས་མིག་སྔར་ཁྲིམས་བཤེར་ལས་ཁུངས་སུ་མི་སྣ༡༦བསྐྱལ་ཡོད་པ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་མ་དངུལ་ས་ཡ་ ༢ ལྷག་གཞུང་བཞེས་བྱས་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org