བལ་ཡུལ་གྱི་སྲིད་བློན་ལྷ་སར་འཚམས་འདྲིར་བསྐྱོད་འདུག

བལ་ཡུལ་གྱི་སྲིད་བློན་མཱ་རྡལྦ་ཀུ་མར་ནེ་པཱལ་ཡིས་ལྷ་སའི་ནང་གི་ཉིན་གཉིས་ཀྱི་འཚམས་འདྲི་དེ་རེས་གཟའ་ཉི་མའི་ཉིན་མཇུག་སྒྲིལ་ཡོད་པ་རེད།

2009.12.27

༄༅༎རེས་གཟའ་ཉི་མའི་ཉིན་ལྷ་ས་ནས་ཤིང་ཧྰ་གསར་ཤོག་ཐོག་ལ་བལ་ཡུལ་གྱི་སྲིད་བློན་མཱ་རྡལྦ་ཀུ་མར་ནེ་པཱལ་ཡིས་ལྷ་སའི་ནང་གི་ཉིན་གཉིས་ཀྱི་འཚམས་འདྲི་དེ་རེས་གཟའ་ཉི་མའི་ཉིན་མཇུག་སྒྲིལ་ཡོད་པ་དང་ཉིན་གཉིས་ཀྱི་འཚམས་འདྲིའི་རིང་ལ་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་དཔོན་རིགས་མཇལ་འཕྲད་གནང་བ་དང་བོད་ཀྱི་རིག་གཞུང་ལྟི་གནས་ཁང་དུ་འཚམས་འདྲིར་བསྐྱོད་པའི་སྐོར་བཀོད་ཡོད་པ་རེད།

རེས་གཟའ་སྤེལ་པའི་ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆིང་ལི་དངབོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་ལགས་དང་མཇལ་འཕྲད་གནང་ཡོད་པ་དང་སྐབས་དེར་ཀྲང་ཆིང་ལི་གིས་ད་བར་བལ་ཡུལ་དང་བོད་བར་གྱི་མཛད་གྲོགས་འབྲེལ་ལམ་སྔགས་བརྗོད་དང་བལ་ཡུལ་གྱི་ཕྱོགས་ནས་ས་མཚམས་ས་ཁུལ་དུ་བརྟན་ལྷིང་རྒྱུན་གནས་ལ་འབད་བརྩོན་ཧུར་ལེན་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་ལུགས་དང་བྱམས་པ་ཕུན་ཚོགས་ལགས་ནས་བོད་དང་བལ་ཡུལ་བར་གྱི་མཉམ་ལས་ཀྱི་གཞི་ཡུལ་རྒྱ་ཆེ་རུ་གཏོང་རྒྱུའི་འདུན་པ་ཡོད་ཚུལ་བཏོན་ཡོད་པའི་སྐོར་བཀོད་ཡོད་པ་རེད། རེས་གཟའ་ཉི་མའི་སྔ་དྲོ་ཕོ་བྲང་པོ་ཏཱ་ལར་འཚམས་འདྲི་བསྐྱོད་པ་སོགས་ཉིན་གཉིས་ཀྱི་འཚམས་འདྲི་གྲུབ་པའི་རྗེས་རྒྱ་ནག་གི་ནུབ་བྱང་ཧྲན་ཤི་ཞིང་ཆེན་གྱི་རྒྱལ་ས་ཤིའན་དུ་འཚམས་འདྲིར་ཕེབས་ཐོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎